མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་མི་ནག་གིས་ཉོ་ཚོང་ཉིན་མོའི་སྤྲོ་སྐྱིད་ལ་མ་རོལ་པར་ཨ་མེ་རི་ཁའི་རིགས་རྒྱུད་མཐོང་ཆུང་གི་ད་ལྟའི་གནས་ཚུལ་ལ་ངོ་རྒོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན་ནི་ཨ་མེ་རི་ཁའི་དྲིན་གཟོའི་དུས་ཆེ་ན་རྗེས་ཀྱི་སྲོལ་རྒྱུན་དུ་གྱུར་བའི་ཉོ་ཚོང་ཉིན་མོ་ཡིན་ཡང་། ཉིན་དེར་ཨ་མེ་རི་ཁའི་མང་ཚོགས་མང་བོས་ཉིན་གཅིག་ལ་འཛད་སྤྱོད་མཚམས་བཞག་སྟེ། ཉོ་ཚོང་ཉིན་མོའི་སྤྲོ་སྐྱིད་ལ་མ་རོལ་པར་མུ་མཐུད་དུ་ཨ་མེ་རི་ཁའི་ཡ་ང་བའི་རིགས་རྒྱུད་མཐོང་ཆུང་གི་ད་ལྟའི་གནས་ཚུལ་ལ་ངོ་རྒོལ་བྱས།

 ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་ཧྥོ་ཀི་སིན་གྲོང་རྡལ་ནས་ཨ་ཧྥེ་རི་ཁའི་རྒྱུད་ཀྱི་ན་གཞོན་པུའུ་ལིང་མི་དཀར་ཉེན་རྟོག་པས་བསད་པའི་དོན་རྐྱེན་དེར་ཞུ་གཏུག་མི་བྱེད་པ་ཁྱབ་སྒྲོག་བྱས་རྗེས། ཨ་མེ་རི་ཁའི་ས་ཆ་མང་བོ་ནས་རིགས་རྒྱུད་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱུང་བ་དང་། ཚེས་ཉེར་བརྒྱད་ཉིན་བར་རྔམ་སྟོན་ཁྲོམ་སྐོར་བྱུང་ནས་ཉིན་ལྔ་འགོར་ཡོད། དྲག་ཤུགས་དང་ཟིང་འཁྲུག་རིམ་བཞིན་ཞི་འཇགས་སུ་ཡོད་ཀྱང་། དྲ་རྒྱའི་སྟེང་གི་རྣམ་པ་གང་རུང་གི་ངོ་རྒོལ་ཁ་གཡང་ལ་སྔར་བཞིན་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། ཕྱི་རྒྱལ་ནས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་དོན་རྐྱེན་དེར་རྗེས་འདེད་བྱས་ཏེ་ཝ་ཧྲོན་ཏོན་གྱིས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་གྲོས་ཆོད་བརྩི་སྲུང་བྱེད་པའི་སྐུལ་མ་གཏོང་རྒྱུ་ཡིན་ཟེར། ཁྲའོ་ཞན་གྱིས་དོན་རྐྱེན་དེ་ལས་ཨ་མེ་རི་ཁ་ནི་འགྲོ་མིའི་ཐོབ་ཐང་མི་ལྡན་པའི་མྱ་ངམ་ཐང་ལྟ་བུ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག