ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་མི་དམངས་དམག་དཔུང་གི་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་རྒོལ་གཏོར་གནམ་གྲུའི་བུད་མེད་འཕུར་བསྐྱོད་པའི་འཕུར་སྐྱོད་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་ཉེར་བརྒྱད་ཉིན་ཁྲའོ་ཞན་མི་དམངས་དམག་དཔུང་གི་མཁའ་འགྲུལ་དང་མཁའ་སྲུང་དམག་དཔུང་གི་རྒོལ་གཏོར་གནམ་གྲུའི་བུད་མེད་འཕུར་བསྐྱོད་པའི་འཕུར་སྐྱོད་སྦྱོང་བརྡར་ལ་མཛུབ་སྟོན་བྱས་པར་མ་ཟད་བུད་མེད་འཕུར་སྐྱོད་པ་ཚོ་དང་མཉམ་དུ་འདྲ་པར་བླངས།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅིན་ཀྲིན་ཨིན་གྱིས་གནམ་གྲུའི་ཐང་གི་རྒྱུག་ལམ་ནས་བུད་མེད་འཕུར་སྐྱོད་པའི་སྦྱོང་བརྡར་འཆར་གཞི་ལ་རྒྱུས་ལོན་བྱས་རྗེས། འཕུར་སྐྱོད་སྦྱོང་བརྡར་ལ་མཛུབ་སྟོན་བྱས། ཁོ་མོ་ཚོས་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས། ཅིན་ཀྲིན་ཨིན་གྱིས་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། རང་ཉིད་ཀྱིས་ཟླ་འགའི་སྔོན་ལ་རྒོལ་གཏོར་གནམ་གྲུའི་བུད་མེད་འཕུར་སྐྱོད་པ་གསོ་སྐྱོང་བྱེད་པའི་རེ་བ་བཏོན་པ་ཡིན། ད་ལྟ་བུད་མེད་འཕུར་སྐྱོད་པའི་དཔའ་མཛངས་དང་ཁྱད་དུ་འཕགས་པའི་རྣམ་འགྱུར་དེ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།