མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱིས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་ནས་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི་རྗེས་དྲན་འདུ་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ས་པེ་རུ་ཐི་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་པུའུ་ནས་འདུ་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་ནས་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་རྗེས་དྲན་བྱས།

ལེ་པཱ་ནུན་གྱི་སྲིད་གཞུང་དཔོན་རིགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། ཕཱ་ལེ་སི་ཐན་གྱི་དཔོན་རིགས། ཕྱོགས་ཁག་སོ་སོའི་འཐུས་མི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་སོགས་རྗེས་དྲན་བྱ་འགུལ་དེར་ཞུགས། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཕུའུ་ལཱ་མུའུ་པུའུ་ལེ་ཡིས་འདུ་ཚོགས་སྟེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་འཕྲིན་ཡིག་སྒྲོག་འདོན་བྱས།

ཕན་ཅི་ཝུན་གྱིས་འཕྲིན་ཡིག་ནང་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་ནས་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཐོན་པའི་སྐབས་སུ། ངས་ཕཱ་ལེ་སི་ཐ་ན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ཞིང་། ཡ་ང་བའི་བྱ་སྤྱོད་མུ་མཐུད་དུ་སྤེལ་མཚམས་བཞག་ནས་ཞི་བའི་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། འཕྲིན་ཡིག་ནང་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་དེ་འགོག་རྒོལ་དང་དྲག་ཤུགས་ལ་བརྟེན་མི་རུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་གྲོས་མོལ་དང་འདྲ་མཉམ་གྱི་ཆབ་སྲིད་ཐག་གཅོད་བྱེད་ཐབས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ཟེར།

ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་ཡིས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས་ཕཱ་ལེ་སི་ཐན་གྱི་བླ་མེད་ལས་དོན་གཙོར་བཟུང་ཞིང་། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་གྱོང་གུད་ཚབས་ཆེན་བཟོ་བའི་གུ་དོག་པའི་ཕྱོགས་ཁག་བར་གྱི་ཁེ་ཕན་བསྐྱུར་དགོས་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་དབྱི་སི་རལ་གྱི་འཇིགས་ཉེན་ཚབ་ཆེན་ལ་ངེས་ཤེས་ཟབ་མོ་སྐྱེས་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འཛམ་གླིང་ཡོངས་ཀྱི་མཛའ་མཐུན་གྲོགས་པོའི་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་མི་དམངས་ལ་སྔར་ལས་མང་བའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག