མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཀེ་ལན་ལ་ནང་ཁུལ་བྱ་དོན་གྱི་རང་སྐྱོང་དབང་ཆ་སྔར་བས་མང་བ་ཐོབ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-28 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་བསྐོ་བཞག་བྱས་ཏེ་གྲབས་འཛུགས་བྱས་པའི་ཧྲི་སྨི་སི་ཨུ་ཡོན་ལྷན་ཁང་ཞེས་པས་སྤྱི་ཚེས27ཉིན་སྙན་ཞུ་སྤེལ་ནས། ཨུ་ཡོན་ལྷན་ཁང་དེ་དང་སུའུ་ཀེ་ལན་གྱི་སྲིད་ཏང་ལྔས་གྲོས་བསྡུར་བྱེད་པ་བརྒྱུད་གྲོས་མཐུན་བྱུང་ནས། སུ་ཀེ་ལན་གྱིས་ནང་ཁུལ་བྱ་དོན་གྱི་རང་སྐྱོང་དབང་ཆ་མང་པོ་ཞིག་གཤམ་སྤྲོད་བྱེད་རྒྱུའི་མོས་མཐུན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

སྙན་ཞུ་དེ་དབྱིན་ཇིས་སུ་ཀེ་ལན་ལ་དབང་ཆ་བགོས་ནས་ཁྲིམས་འཛུགས་བྱེད་པའི་རྨང་གཞིར་འགྱུར་རྒྱུ་ཡིན་པ་རེད། ག་མེ་ལུན་གྱིས་སྙན་ཞུ་དེ་སྤེལ་བར་དགའ་བསུ་ཞུ་བའི་རྣམ་པ་བསྟན་ནས། སྙན་ཞུའི་ནང་བཏོན་པའི་དབང་ཆ་བགོ་བའི་ཇུས་གཞི་དེས་དབྱིན་ཇིའི་སྲིད་གཞུང་གིས་སུ་ཀེ་ལན་ལ་རང་སྐྱོང་དབང་ཆ་སྔར་བས་མང་བ་གཤམ་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་པ་མཚོན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཁ་མེ་ལུན་གྱིས་དེ་རྗེས་གྲོས་ཚོགས་སྟོད་པའི་གྲོས་མི་ལོ་པོ་ཐེ་ཧྲི་སྨི་སིས་གསར་དུ་གྲབས་འཛུགས་བྱས་པའི་ཧྲི་སྨི་སི་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་བྱེད་རྒྱུར་བསྐོ་བཞག་བྱས་ནས། ཆེད་མངགས་སུ་ཀེ་ལན་གྱི་དབང་ཆ་བགོ་བའི་འཕེལ་རིམ་ལ་ཞིབ་འཇུག་དང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག