ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་དུས་ཡུན་ཉིན་གཉིས་ཀྱི་སྐབས་བཅོ་བརྒྱད་པའི་ཨེ་ཤ་ཡ་ལྷོ་མའི་ས་ཁོངས་མཉམ་ལས་མནའ་འབྲེལ་གྱི་འགོ་གཙོའི་གྲོས་ཚོགས་ནེ་པ་ལའི་རྒྱལ་ས་ཀ་ཏེ་མན་ཏུར་མཇུག་སྒྲིལ་བ་དང་། གྲོས་ཚོགས་ཐོག ཀ་ཏེ་མན་ཏུའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་མ་ཟད་ཨེ་ཤ་ཡ་ལྷོ་མའི་ས་ཁོངས་མཉམ་ལས་མནའ་འབྲེལ་གྱི་ནུས་ཁུངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་ཡོད་པ་རེད།
ད་ཐེངས་ཀྱི་གྲོས་ཚོགས་ཀྱིས་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་དགོས་ཞེས་པས་བརྗོད་དོན་གཙོ་བོ་བྱས་པ་དང་། ཁོངས་གཏོགས་རྒྱལ་ཁབ་བརྒྱད་ཀྱི་འགོ་ཁྲིད་མི་སྣས་དཔལ་འབྱོར་གཞི་གཅིག་ཅན་འཛུགས་སྐྱོང་སོགས་བརྗོད་གཞིའི་ཐད་གཏམ་བཤད་སྤེལ་བ་དང་ཞིབ་འཇུག་གཏིང་ཟབ་བྱས་ཡོད། ནེ་པ་ལས་གྲོས་འགོ་བཏོན་པའི་ཨེ་ཤ་ཡ་ལྷོ་མའི་ས་ཁོངས་མཉམ་ལས་མནའ་འབྲེལ་གྱི་ནུས་ཁུངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གྱི ་དམིགས་ཡུལ་ནི་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་དུ་གཞི་གཅིག་ཅན་གྱི་གློག་གི་དྲ་བ་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཁོངས་གཏོགས་རྒྱལ་ཁབ་བར་གློག་ཤུགས་ཐད་ཕན་ཚུན་ཁ་གསབ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ཡིན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།