མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཁི་ལི་མུས་ཡཱ་རུ་རྒོལ་གཏོར་གནམ་གྲུ་བཅུ་བཞི་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐཱ་སི་གསར་འགྱུར་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མཁའ་དམག་གིས་ཚེས་ཉེར་དྲུག་ཉིན་སེ་ཝ་སི་ཐོ་པའོ་ཨར་ཉེ་འདབས་ཀྱི་པེ་ལེ་པེ་ཁི་དམག་བཀོལ་གནམ་གྲུ་ཐང་དུ་རྒོལ་གཏོར་གནམ་གྲུ་བཅུ་བཞི་བཀོད་སྒྲིག་བྱས་ཟེར།

ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་གསར་འགྱུར་ཅུའི་ཀྲུའུ་རིན་ཐི་ལུའུ་ཧཱ་ཆེ་ཧྥུའུ་ཡིས་བཤད་རྒྱུར། རྒོལ་གཏོར་གནམ་གྲུ་དེ་ནི་ཨུ་རུ་སིའི་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་མཁའ་དམག་རྟེན་གཞི་ནས་མངག་ཡོང་བ་དང་། དེར་སུའུ-27SMརྟགས་གཅན་གྱི་རྒོལ་གཏོར་གནམ་གྲུ་བཅུ་དང་སུའུ-30M2རྟགས་ཅན་གྱི་རྒོལ་གཏོར་གནམ་གྲུ་བཞི་བཅས་ཡོད།

ཐི་ལུའུ་ཧཱ་ཆེ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིར་པེ་ལེ་པེ་ཁི་དམག་བཀོལ་གནམ་གྲུ་ཐང་དུ་འཐབ་འཛིང་གནམ་གྲུ་བཀོད་སྒྲིག་བྱས་པ་ནི་ཁི་ལི་མུས་ཡཱ་ནས་ཨུ་རུ་སིའི་མཁའ་དམག་རྟེན་གཞི་འཛུགས་པའི་ལས་འགན་ཡོངས་འགྲུབ་བྱེད་པའི་ཆེད་དུ་ཡིན། ཐེངས་འདིའི་གནམ་གྲུ་ཚང་མར་དེང་རབས་ཅན་གྱི་བསྒྱུར་བཀོད་བྱས་ཡོད་པ་དང་། མ་འོངས་པར་གནམ་གྲུ་དེ་དག་གིས་ཁི་ལི་མུས་ཡཱའི་བར་སྣང་ནས་འཕུར་བསྐྱོད་ཀྱི་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ལ། གནམ་གྲུ་ཐང་དེས་ད་རུང་མུ་མཐུད་དུ་འཐབ་འཛིང་གནམ་གྲུ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། བསྡོམས་པས་འཐབ་འཛིང་གནམ་གྲུ་ཉེར་བཞི་དང་ཁྲིད་སྟོན་པའི་གནམ་གྲུ་དྲུག་བཀོད་སྒྲིག་བྱེད་རྒྱུ་རེད།

ཝུའུ་ཁི་ལན་སྲིད་གཞུང་གིས་དོ་དམ་བྱེད་སྐབས། པེ་ལེ་པེ་ཁི་གནམ་གྲུ་ཐང་ནི་དམག་དམངས་གཉིས་སྤྱོད་ཀྱི་གནམ་གྲུ་ཐང་ཞིག་ཡིན། མིག་སྔར་གནམ་གྲུ་ཐང་དེ་ཨུ་རུ་སིའི་མཁའ་དམག་གིས་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་འཇོག་སའི་དམག་བཀོལ་གནམ་གྲུ་ཐང་ཞིག་ཏུ་གྱུར་ཡོད་པ་དང་། ཨུ་རུ་སིའི་རྒོལ་གཏོར་གནམ་གྲུའི་མཁའ་འགྲུལ་མདའ་ཤོག་རེ་གཉིས་པ་བཅའ་སྡོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག