ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་ཉེར་བདུན་ཉིན་བཀའ་རྒྱ་བསྒྲགས་ཏེ། དམག་དཔོན་ལཱ་ཧྥུའུ་ཁི་ཧྥུའུ་དེ་རྒྱལ་སྲུང་བློན་ཆེན་གསར་བར་བསྐོ་འཇོག་བྱས།
ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ཁི་ཧྥུའུ་ཡིས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ཐེངས་འདིའི་བསྐོ་འཇོག་མ་བྱས་གོང་ཨུ་རུ་སི་དཀར་པོའི་དྲག་ཆས་སྟོབས་ཤུགས་ནུབ་བྱང་འཐབ་འཁྲུག་དམག་སྤྱི་ཁང་གི་དམག་སྤྱིའི་འགན་ཁུར་ཡོད་ཟེར།
ལུའུ་ཁཱ་ཧྲིན་ཁི་ཡིས་ཐེངས་འདིའི་བསྐོ་འཇོག་ལ་འགྲེལ་བཤད་བྱེད་སྐབས་བསྟན་དོན། ལཱ་ཧྥུའུ་ཁི་ཧྥུའུ་ཡིས་ཀྲུང་དབྱང་སྡེ་ཁག་ཏུ་བྱ་བ་བསྒྲུབ་པའི་གནས་ཚུལ་མེད་ཀྱང་། ཐེངས་འདིར་བསྐོ་འཇོག་བྱས་པ་ནི་གཙོ་བོ་ཨུ་རུ་སི་དཀར་པོའི་མགོ་ཁྲིད་ཀྱི་ལས་གནས་གཙོ་བོའི་ལས་བྱེད་པ་ན་གཞོན་ཅན་དུ་བསྒྱུར་བ་དང་། སྔར་ལས་མདུན་ལམ་ཆེ་བའི་ན་གཞོན་བསྐོ་འཇོག་བྱེད་པར་བསམ་བློ་བཏང་བ་ཡིན་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།