མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཕུའུ་ཅིན་གྱིས་ཁ་པར་ལས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་འཇིགས་སྐུལ་བྱས་པ་ཁས་ལེན་མ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་གཏོང་སྐབས་འཇིགས་སྐུལ་བྱས་པའི་གནས་ཚུལ་དེ་ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཁས་ལེན་མ་བྱས། ཁོས་དག་འབུད་ཀྱི་ཚུལ་དུ་བཤད་རྒྱུར། ཕུའུ་ཅིན་གྱིས་པའོ་ལོ་ཧྲིན་ཁི་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་ཙམ་ལས་འཇིགས་སྐུལ་བྱས་པར་བཤད་པ་དེ་དོན་དངོས་མིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བདེན་དཔང་བྱས་དོན། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིསས་ཚེས་ཉེར་དྲུག་ཉིན་ཁ་པར་གྲོས་མོལ་བྱས་པ་བདེན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁ་པར་དུས་བཅད་བྱས་པ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཁ་པར་གྲོས་མོལ་གྱི་ནང་དོན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། གསར་འགྱུར་སྨྱན་བྱད་རེ་འགས་པའོ་ལོ་ཧྲིན་ཁི་ལ་ཕུའུ་ཅིན་གྱི་འཇིགས་སྐུལ་ཐེབས་ཟེར་བ་ནི་རྫུན་བཟོ་ཁོ་ན་རེད་ཟེར།

དོ་སྣང་བྱེད་དགོས་པ་ཞིག་ལ་ཕའེ་སི་ཁི་ཧྥུའུ་ཡིས་གཏམ་བཤད་སྤེལ་བའི་དུས་མཚུངས་སུ། ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་བདུན་ཉིན་གྱི་ཉིན་གུང་སྤྱི་སྒྲོག་སྤེལ་ཏེ། ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཝུའུ་ཁི་ལན་ཕྱོགས་ཀྱི་རེ་བ་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཚེས་ཉེར་བདུན་ཉིན་ཝུའུ་ཁི་ལན་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་སྔ་དགོང་མོར་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱེད་སྐབས། ཕུའུ་ཅིན་གྱི་ཏོན་པཱ་སི་གནས་བབ་ཀྱི་ཆེས་མཇུག་མཐའི་ཐ་ཚིག་སྐོར་གྱི་འཇིགས་སྐུལ་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག