མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དམག་དཔུང་གིས་ཤར་ཕྱོགས་ས་ཁུལ་གྱི་གྲོང་སྡེ་བཅུ་གསུམ་ཕྱིར་འཕྲོག་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་མུ་མཐུད་དུ་དབྱི་རག་ཤར་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་བཏང་སྟེ། ཤར་ཕྱོགས་ས་ཁུལ་གྱི་གྲོང་སྡེ་བཅུ་གསུམ་གྱི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ལེན་བྱས་པར་མ་ཟད། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་དགུ་བསད། ཟླ་དྲུག་པའི་ཚུན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་སྔ་གཞུག་ཏུ་དབྱི་རག་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གྱི་མངའ་ཁོངས་རྒྱ་ཆེན་པོ་བཙན་བཟུང་བྱས། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་རོགས་འདེགས་འོག་ཕྱིར་རྒོལ་ལན་སློག་སྟེ། རིམ་བཞིན་ས་ཁུལ་རེ་འགའ་ཕྱིར་འཕྲོག་ལེན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག