མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཁག་ཅིག་མཚམས་འཇོག་རྒྱུ་ཐག་བཅད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཉེ་སྔོན་བཀོད་པའི་ཐུན་མོང་འགུལ་སྐྱོད་འཆར་གཞིའི་ནུས་ལྡན་ཡུན་ཚད་དེ་སང་ལོའི་ཟླ་དྲུག་པའི་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་མཚམས་འཇོག་རྒྱུ་ཡིན་པ་དང་། མཚམས་འཇོག་པའི་ཡུན་ཚད་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྟན་དོན། མིག་སྔར་བཀག་སྡོམ་སྐོར་ཞིག་སྔར་བཞིན་ནུས་ལྡན་ཡིན་ཡང་། བཀག་སྡོམ་བྱེད་ཐབས་ཁག་ཅིག་མཚམས་བཞག་རྗེས་དབྱི་ལིང་གི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་འབྲེལ་ཡོད་བྱེད་སྒོར་ཉེན་ཚབ་དང་སྐྱེལ་འདྲེན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གི་རྡོ་སྣུམ་ཐོན་རྫས་ནང་འདྲེན་དང་ཉོ་བསྡུ། སྐྱེལ་འདྲེན་བཅས་བྱེད་ཆོག་པར་མ་ཟད། དབྱི་ལིང་སྲིད་གཞུང་དང་སྤྱི་བའི་སྡེ་ཁག་གིས་གསེར་སོགས་ཉོ་འཚོང་བྱས་ཆོག་པ་རེད། དེའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ནང་འདྲེན་ཕྱིར་གཏོང་གི་དངུལ་ལོར་རྩིས་ཐོ་ཞིབ་བཤེར་ཚད་གཞི་ཇེ་མཐོར་གཏོང་བའི་གཏན་འཁེལ་དེ་སྔར་བཞིན་ནུས་ལྡན་ཡིན་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག