མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་འཇར་པན་གྱིས་གྲོས་མོལ་སྤེལ་ཏེ་འདོད་སེལ་བུད་མེད་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཧྲིག་ཨར་ནས་འཇར་དམག་གི་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་ཅུའུ་ཀྲང་རིམ་པའི་གྲོས་མོལ་ཐེངས་ལྔ་བ་སྤེལ་རྒྱུ་རེད། ཧན་གོའི་ཕྱི་འབྲེལ་པུའུ་ཨེ་ཤ་ཡཱའི་བྱང་ཤར་ཅུའུ་ཡི་ཅུའུ་ཀྲང་ལིས་ཞང་ཏི་དང་འཇར་པན་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་དང་རྒྱ་མཚོ་ཆེན་མོའི་ཅུའུ་ཡི་ཅུའུ་ཀྲང་དབྱེ་ཡོན་ཁྲོན་དབྱེ་གཉིས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། དབྱེ་ཡོན་ཁྲོན་དབྱེ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཧན་གོར་འབྱོར་རྒྱུ་རེད།

ཟླ་འདིའི་ཚེས་བཅུ་གཅིག་ཉིན། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་གྲོས་མོལ་བྱས་ཏེ། འཇར་དམག་གི་འདོད་སེལ་བུད་མེད་ཀྱི་གནད་དོན་ལ་འབྲེལ་བའི་ཧན་གོ་དང་འཇར་པན་གྱི་ཅུའུ་ཀྲང་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཡར་སྐུལ་བྱེད་རྒྱུ་ཐག་བཅད། དེ་བས་ཐེངས་འདིའི་ཅུའུ་ཀྲང་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་ག་འདྲ་འབྱུང་བར་ཀུན་གྱིས་རེ་སྒུག་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག