མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་མཐོ་རིམ་དཔོན་པོ་ཨ་མའོ་སི་ཡིས་ལས་ཁུར་དགོངས་ཞུ་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཡིས་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། ལས་འགན་ལོ་བཞིར་ཁུར་བའི་ཨ་མའོ་སི་སང་ལོའི་ཟླ་གསུམ་པར་ལས་གནས་དང་འབྲལ་རྒྱུ་རེད། ཕན་ཅི་ཝུན་གྱིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཁོས་ཨ་མའོ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་མི་ཆོས་རིང་ལུགས་ཀྱི་ཚོགས་ཁག རོགས་སྐྱོར་བྱེད་དགོས་པའི་མི་སྣ་བཅས་ལ་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པར་བཀའ་དྲིན་ཞུས། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཨ་མའོ་སི་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བོར་མ་བཤད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག