མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དམག་དཔུང་གིས་དབྱི་རག་ཤར་ཕྱོགས་ས་ཁུལ་གྱི་སྡེ་བ་ཉེར་བདུན་ཕྱིར་འཕྲོག

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:08

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་ཤར་ཕྱོགས་ཀྱི་ཀའེ་ལཱ་ཐཱ་ཕའེ་གྲོང་རྡལ་གྱི་ཟླ་ངོ་འགའི་རིང་གི་དཔུང་འཇུག་མཐར་སྐྲོད་བཏང་སྟེ། གྲོང་རྡལ་དེའི་ཉེ་འཁོར་གྱི་སྡེ་བ་ཉེར་བདུན་གྱི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་པར་མ་ཟད། ཉུང་མཐར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སུམ་ཅུ་བསད། ཟླ་དྲུག་པའི་ཟླ་མགོའི་ཚུན་ལ། དབྱི་སི་ལན་རྒྱལ་ཁབ་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྔ་གཞུག་ཏུ་དབྱི་རག་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གྱི་མངའ་ཁོངས་ཆེན་པོ་བདག་བཟུང་བྱས་པ་དང་། ་དབྱི་རག་གི་སྲིད་གཞུང་དམག་དཔུང་དང་རིགས་རྒྱུད་ཚོ་ཁག་གི་དྲག་ཆས་པས་ཉེ་སྔོན་ཨ་མེ་རི་ཁས་མགོ་ཁྲིད་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་གི་རོགས་སྐྱོར་འོག་ཕྱིར་རྒོལ་ལན་སྤྲད་ནས། ཤོར་བའི་ས་གནས་རེ་འགའ་རིམ་བཞིན་ཕྱིར་འཕྲོག་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག