མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨ་པུའུ་ཧཱ་ཙི་གཉིས་ཀྱིས་མནའ་འབྲེལ་ཆིངས་ཡིག་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱི་གནད་དོན་དབང་གིས་ངོ་རྒོལ་དྲག་པོ་བྱེད་པའི་སྐབས་སུ། ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་བར་འགྲན་འཛུགས་པའི་འཐབ་ཕྱོགས་གསར་བ་ཞིག་གསར་དུ་བཏོད། ཚེས་ཉེར་བཞིའི་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་པུའུ་ཧཱ་ཙི་ཡི་མགོ་ཁྲིད་པ་ཧཱ་ཏི་རི་མུའུ་པཱ་གཉིས་ཀྱིས་སོ་ཆི་ནས་ཨུ་རུ་སི་དང་ཨ་པུའུ་ཧཱ་ཙིའི་མནའ་འབྲེལ་དང་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད། ཆིངས་ཡིག་དེ་བཀོད་པར་ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒོལ་གཏམ་དྲག་པོ་བཏང་།

ཨུ་རུ་སི་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཆིངས་ཡིག་ཁྲོད་རྩོད་གཞི་ཆེས་ཆེ་བ་ནི་ཕྱོགས་གཉིས་ཀྱིས་ཐུན་མོང་གི་འགོག་སྲུང་དང་བདེ་འཇགས་ཁྱབ་ཁོངས་འཛུགས་རྒྱུ་ཡིན་པ་དེ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་གྲུབ་པའི་མཉམ་འབྲེལ་སྡེ་ཚོགས་དམག་དཔུང་བཙུགས་ནས་བཙན་འཛུལ་ལ་འགོག་རྒོལ་བྱེད་པ་ཡང་འདུས་ཡོད། དམག་དཔུང་དེ་ཆིངས་ཡིག་ནུས་ལྡན་དུ་གྱུར་བའི་ལོ་གཅིག་གི་ནང་འཛུགས་རྒྱུ་ཡིན་པ་དང་། མཉམ་འབྲེལ་དམག་སྤྱི་ཁང་གི་ཁོངས་སུ་གཏོགས་པ་རེད། ཨུ་རུ་སིའི་དམག་དཔུང་གིས་ལོ་གསུམ་གྱི་ནང་ཨ་པུའུ་ཧཱ་ཙིའི་དམག་དཔུང་ལ་རོགས་རམ་བྱས་ཏེ་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག