ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས25ཉིན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་ནས་དབྱི་རལ་གྱི་བཀག་སྡོམ་བྱ་ཐབས་ཁག་ཅིག་གནས་སྐབས་མཚམས་འཇོག་བྱེད་རྒྱུ་དང་གནས་སྐབས་མཚམས་འཇོག་བྱེད་པའི་དུས་ཚོད་དེ2015ལོའི་ཟླ6པའི་ཚེས30ཉིན་བར་ནར་འགྱངས་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་གར་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ལ་གཞིགས་ན། གཏན་འབེབས་དེ་ནི་དབྱི་རན་རྡུལ་ཉིང་གནད་དོན་སྐོར་གྱི་རྒྱལ་ཁབ་དྲུག་ཏེ་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ། འཇར་མན་བཅས་དང་དབྱི་རན་བར་ཉེ་དུས་ཐུན་མོང་གི་བྱ་སྤྱོད་འཆར་གཞི་ཞེས་པའི་ནང་དོན་གྱི་གོ་ཆོད་པའི་དུས་ཚོད་དེ་དུས་སང་གི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་ནར་འགྱངས་བྱེད་རྒྱུའི་གཏན་འབེབས་ལ་གཞིགས་པ་ཞིག་ཡིན། ཡོ་རོབ་མནའ་འབྲེལ་གྱིས་མ་གཞི་བཀག་སྡོམ་བྱས་པར་སྔར་བཞིན་ཕན་འབྲས་ཁག་ཅིག་ཐོན་ཡོད། ཡིན་ནའང་གནས་སྐབས་མཚམས་འཇོག་བྱས་པའི་བཀག་སྡོམ་བྱ་ཐབས་ཀྱིས་དབྱི་རན་ལ་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་འབྲེལ་ཡོད་ལས་སྒོ་གཉེར་ཆོག་པར་འགན་བཅོལ་དང་སྐྱེལ་འདྲེན་གྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།