མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་རོགས་སྐྲུན་བྱས་པའི་ལི་པི་ཡའི་ཨེ་པོ་ལའི་ནད་བརྟག་སྨན་བཅོས་ལྟེ་གནས་དངོས་སུ་རྩིས་སྤྲོད་བེད་སྤྱོད་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་25ཉིན་ཀྲུང་གོའི་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ལི་པི་ཡའི་ཨེ་པོ་ལའི་ཁྲག་འདོན་ཚ་ནད་ཀྱི་ནད་བརྟག་སྨན་བཅོས་ལྟེ་གནས་ཀྱིས་ལི་པི་ཡའི་རྒྱལ་ས་མེང་ལོ་ཝེ་ཡར་དངོས་སུ་རྩིས་སྤྲོད་བེད་སྤྱོད་བྱེད་འགོ་ཚུགས་ཡོད། དངོས་ཟོག་དང་སྒྲིག་ཆས་འབོར་ཆེན་སོགས་རྒྱལ་ནང་ནས་སྐྱེལ་འདྲེན་བྱེད་དགོས་པའི་གནས་ཚུལ་འོག དུས་ཡུན་ཟླ་བ་གཅིག་གི་དུས་ཚོད་ནང་ནད་ཁྲི་བརྒྱ་ཐམ་པ་ཡོད་པའི་དེང་རབས་ཅན་གྱི་འགོས་ནད་སྨན་ཁང་སྐྲུན་པ་ལས། ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་ཚད་གཞི་གང་ལེགས་མཚོན་ཡོད་པ་རེད། ལི་པི་ཡའི་ཙུང་ཐུང་ཡོ་ཧན་ཤུན། སི་ལིད་ཧྥུ་ཉིན་དེ་གའི་འགོ་ཚུགས་མཛད་སྒོར་ཞུགས་སྐབས། ཀྲུང་གོས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ནད་བརྟག་སྨན་བཅོས་ལྟེ་གནས་དེ་ནི་ལི་པི་ཡ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་དཔང་རྟག་ཡིན་པས། ཁོང་ནས་ལི་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་ཁྱབ་ཁོངས་སྔར་བས་མང་བའི་ནང་མཉམ་ལས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག