མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་རང་དབང་དམངས་གཙོ་ཏང་གི་འགྲན་འདེམས་རྩ་གནད་ཀྱིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས25ཉིན་ལྗར་པན་རང་དབང་དམངས་གཙོ་ཏང་གིས་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་འདེམས་བསྐོའི་འགྲན་འདེམས་རྩ་ཁྲིམས་འགྲེམ་སྤེལ་བྱས་ཏེ། སྔར་བཞིན་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུས་དམིགས་ཡུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་མ་ཟད་མཉམ་སྡེབ་རང་སྲུང་དབང་ཆ་བེད་སྤྱོད་བྱེད་པའི་འབྲེལ་ཡོད་ཁྲིམས་ལུགས་ཡག་པོ་སྒྲུབ་རྒྱུའི་གྲ་སྒྲིག་བྱ་རྒྱུ་ཡིན་རྣམ་པ་བསྟན་ཡོད། ཉིན་དེ་གའི་གསར་འགོད་པའི་ཚོགས་འདུའི་ཐོག རང་དབང་དམངས་གཙོ་ཏང་གི་སྲིད་དོན་བརྟག་དཔྱད་ཚོགས་པའི་ཚོགས་གཙོ་ཏའོ་ཐན་ཕེང་མའེ་ཡིས། རང་དབང་དམངས་གཙོ་ཏང་གི་འགྲན་འདེམས་རྩ་གནད་ཁྱབ་བསྒྲགས་བྱས་ཡོད།

རྩ་གནད་ཐོག དཔལ་འབྱོར་སླར་གསོ་བྱེད་པར་འགྲོ་ལམ་འདི་ལས་མེད་ཅེས་པའི་འབོད་ཚིག་བཏོན་ནས། མུ་མཐུད་ནས་ཨན་པེ་ཡི་དཔལ་འབྱོར་རིག་པ་དང་འབྲེལ་ཡོད་དཔལ་འབྱོར་སྲིད་ཇུས་ལ་སྐུལ་འདེད་བཏང་ཏེ། དཔལ་འབྱོར་སླར་སྐྱེས་དང་ནོར་སྲིད་བསྐྱར་འཛུགས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། རང་དབང་དམངས་གཙོ་ཏང་གིས་འགྲན་འདེམས་རྩ་གནད་ནང་མུ་མཐུད་ནས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུས་དམིགས་ཡུལ་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་དམངས་ཀྱི་བསམ་ཤེས་ཐོབ་པའི་གནས་ཚུལ་འོག རྒྱལ་ཚོགས་ལ་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་འབུལ་རྒྱུ་ཡིན་པ་མ་ཟད་རྒྱལ་དམངས་ཀྱི་འཕེན་ཤོག་འཕེན་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག