མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དམག་དཔུང་གིས་མཁར་གྲོང་གཉིས་ཕྱིར་འཕྲོག་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-25 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་དམག་དཔུང་དང་ཁུའུ་ཨར་ཏི་དྲག་ཆས་པ། ས་དེའི་རིགས་རྒྱུད་ཚོ་ཁག་གི་དྲག་ཆས་པས་ཚེས་ཉེར་བཞིའི་ཉིན་དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་སཱ་ཨ་ཏིས་ཡེ་གྲོང་རྡལ་དང་ཅཱ་ལོ་ལཱ་གྲོང་རྡུལ་དུ་དཔུང་འཇུག་བྱས་ཏེ། དྲག་ཆས་ཉེས་ཅན་མཐར་སྐྲོ་བཏང་ནས་མཁར་གྲོང་དེ་གཉིས་ཕྱིར་འཕྲོག་ལེན་བྱས། གཞན་ཡང་ས་དེའི་ཉེན་རྟོག་སྡེ་ཁག་གིས་བསྒྲགས་པ་ལྟར་ན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ཤར་ཕྱོགས་ཀྱི་ཧྲ་པུའུ་ས་ཁུལ་དུ་ཉིན་དེའི་དགོངས་མོར་བསྟུད་མར་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། གྲོང་ཁྱེར་སྡོད་དམངས་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་བཅུ་ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག