ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཅིར་ཅི་སི་སི་ཐན་དང་ཨུ་རུ་སི་ཡིས་ཚེས་ཉེར་བཞིའི་ཉིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་འཕེལ་རྒྱས་ཐེབས་རྩ་འཛུགས་པའི་སྐོར་གྱི་གྲོས་མཐུན་བཀོད། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཐེབས་རྩ་དེ་ནི་དངོས་རྒྱུན་དང་འཁལ་འཐག ལས་སྣོན་བཟོ་ལས། ཞིང་ལས། དེ་མིན་གཏའ་འཇོག་དངུལ་བུན་སོགས་ཅིར་ཅི་སི་སི་ཐན་དང་ཨུ་རུ་སི་ཕྱོགས་གཉིས་ལ་ཕན་པའི་བྱེ་བྲག་གི་ཁྱབ་ཁོངས་སུ་བཀོལ་རྒྱུ་ཡིན་པ་དང་། དེས་ཅིར་ཅི་སི་སི་ཐན་གྱི་དཔལ་འབྱོར་དེ་མགྱོགས་མྱུར་ངང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་གྱི་འཕེལ་རིམ་ནང་ཞུགས་པར་རོགས་རམ་གྱི་ནུས་པ་ཐོན་ཐུབ་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།