མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཉིས་སྟོང་བཅུ་བཞི་ལོའི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་ཧཱ་སག་སི་ཐན་ནས་སྤེལ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རིག་གནས་པུའུ་ཀྲུང་གོའི་མི་རིགས་རིག་གནས་སྒྱུ་རྩལ་ཐེབས་རྩ་ཚོགས་པ་དང་། ཧཱ་སག་སི་ཐན་མི་དམངས་ཀྱི་བསམ་པའི་དཔལ་ཡོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཀྲུང་གོའི་དར་གོས་ཚོང་ལམ་ཐེབས་རྩ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིན་ཨོ་སྡེ་ཚོགས་ཀྱིས་རོགས་བསྒྲུབ་བྱས་པའི་ཉིས་སྟོང་བཅུ་བཞི་ལོའི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་དེ་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་སི་ཐཱ་ནཱ་གྲོང་ཁྱེར་ནས་སྤེལ་རྒྱུ་རེད།

ཀྲུང་གོའི་མི་རིགས་རིག་གནས་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་ལས་འཛིན་པ་ཀུའུ་ཁྲང་ཅང་གིས་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་དུས་རབས་ཉེར་གཅིག་པའི་དར་གོས་ཚོང་ལམ་གྱི་རིག་གནས་ས་ཁུལ་མཉམ་བསྐྲུན་བྱེད་ཅེས་པ་དེ་ཡིན། སྐབས་ཐོག་དེར་ཀྲུང་གོ་དང་ཨུ་རུ་སི། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་རྒྱལ་ཁབ་དྲུག་གི་ཤུགས་རྐྱེན་ཆེ་བའི་རྟེན་མཛོད་ཁང་དང་མཛེས་རྩལ་ཁང་གི་མགོ་བ་དང་། ཟློས་གར་ཁང་གི་མགོ་བ། ཆེད་མཁས་པ་དང་ཤེས་ལྡན་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་སྨྱན་བྱད་ཀྱི་འཐུས་མི་སོགས་མི་བརྒྱ་དང་ལྔ་བཅུ་ཙམ་གླེང་སྟེགས་ལ་ཞུགས་རྒྱུ་རེད། ཁོ་ཚོས་དུས་རབས་ཉེར་གཅིག་པའི་དར་གོས་ཚོང་ལམ་གྱི་རིག་གནས་ས་ཁུལ་མཉམ་བསྐྲུན་བྱེད་པ་དང་། སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་གྱི་དུས་རབས་གསར་སྐྲུན་དང་ཕྱོགས་མང་མཉམ་ལས་བྱེད་པ། དམངས་ཁྲོད་སྒྱུ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས། དར་གོས་ཚོང་ལམ་གྱི་རིག་གནས་ཤུལ་བཞག་མཉམ་སྤྱོད་དང་དྲིལ་སྒྲོག་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་བརྗེ་རེས་དང་གྲོས་མོལ་རྒྱ་ཆེར་སྤེལ་རྒྱུ་རེད་ཟེར།

དེ་ལས་གཞན་གྲོས་ཚོགས་སྐབས་སུ། རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་སློབ་ཆེན་ལ་ལྟ་སྐོར་བྱེད་རྒྱུ་ཡིན་པ་དང་། གླེང་སྟེགས་ནས་ད་རུང་དར་གོས་ཚོང་ལམ་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་མཚོན་པའི་སྒྱུ་རྩལ་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག