མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམངས་གྲོས་ཁང་གིས་ཨོ་པཱ་མཱ་སྲིད་གཞུང་དངོས་སུ་ཞུ་གཏུག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:56

11月21日,国会众议院议长博纳到达新闻发布会现场。.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ནཱ་གསར་འགྱུར་སྒྲོག་སྤེལ་ཚོགས་རར་འབྱོར།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་པའོ་ནཱ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་པཱ་མཱ་སྲིད་གཞུང་གིས་སྨན་བཅོས་བཅོས་བསྒྱུར་་བཅའ་ཁྲིམས་འཆར་ཟིན་དངོས་འབེབ་བྱེད་པའི་སྐབས་སུ་རྩ་ཁྲིམས་ཀྱིས་བསྩལ་བའི་དབང་ཤུགས་ལས་བརྒལ་བའི་དབང་ཆ་བཀོལ་བ་དང་། དམངས་གྲོས་ཁང་གིས་དོན་དེའི་ཐད་ནས་ཁྲིམས་ཁང་ལ་དངོས་སུ་ཞུ་གཏུག་བྱས་པ་ཡིན་ཟེར།

  པའོ་ནཱ་ཡིས་བཤད་རྒྱུར། དམངས་གྲོས་ཁང་གིས་ཉིན་དེའི་སྔ་དྲོར་རྒྱལ་ས་ཝ་ཧྲོན་ཏོན་དུ་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་ཨོ་པཱ་མཱ་སྲིད་གཞུང་ཞུ་གཏུག་བྱེད་པའི་ཡི་གེ་དངོས་སུ་སྤྲད།

  ཞུ་གཏུག་ཡི་གེ་ལྟར་ན། དམངས་གྲོས་ཁང་གིས་ཨོ་པཱ་མཱ་སྲིད་གཞུང་ལ་ཉེས་མིང་གཉིས་བཏགས་ཡོད་པ་དང་། དེའི་ནང་སྨན་བཅོས་བཅོས་བསྒྱུར་བཅའ་ཁྲིམས་འཆར་ཟིན་ཁྲོད་ཀྱི་ལས་བདག་གིས་ངེས་པར་ལས་བཟོ་བར་སྨན་བཅོས་ཉེན་ཚབ་ཉོ་དགོས་པའི་དོན་ཚན་གྱི་ལག་བསྟར་བྱ་བ་ཐེངས་གཉིས་ལ་རྗེས་སུ་སྣུར་བ་དང་། སྒྲིག་ལམ་དང་འགལ་བའི་སྒོ་ནས་རྒྱལ་ཕྲན་མཉམ་འབྲེལ་གྱི་མ་དངུལ་བཀོལ་ནས་ཉེན་ཚབ་ཀུང་ཟི་ལ་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་ཐེར་འབུམ་ལྔ་བྱིན་པ་སོགས་འདུས། ཞུ་གཏུག་ཡི་གེ་ལས་ཨོ་པཱ་མཱ་སྲིད་གཞུང་གི་བྱ་སྤྱོད་དེ་དག་ཚང་མ་ཁྲིམས་དང་འགལ་ཡོད་ཟེར།

  པའོ་ནཱ་ཡིས་ཉིན་དེར་ད་རུང་ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ཀྱི་ཆོག་མཆན་མ་ཐོབ་པར་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་བཟོ་བཅོས་བྱས་པའི་བྱ་སྤྱོད་དེ་ཨ་མེ་རི་ཁའི་ཆབ་སྲིད་ལམ་ལུགས་དང་འགལ་ཡོད་པར་སྐྱོན་འཛུགས་བྱས། ཁོས་བཤད་རྒྱུར། དམངས་གྲོས་ཁང་གིས་ཨ་མེ་རི་ཁའི་རྩ་ཁྲིམས་ལ་་སྲུང་སྐྱོབ་བྱས་ཏེ་ལག་ལེན་དུ་བསྟར་བའི་འོས་འགན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག