མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་དམག་དཔུང་གིས་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དཔུང་འཇུག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དང་བྱང་ཕྱོགས་ཀྱི་སཱ་ལ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་དཔུང་འཇུག་བྱས།

དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་རག་མཁའ་དམག་དང་ས་དེའི་ཚོ་ཁག་དྲག་ཆས་པའི་རྒྱབ་སྐྱོར་འོག དབྱི་རག་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་ཤར་ངོས་མཐའ་རུ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ས་ཁུལ་དེ་བཙན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གཙང་བཤེར་བྱས། དབྱི་རག་དམག་དཔུང་གིས་ལཱ་མཱ་ཏིས་གྲོང་ཁྱེར་ཤར་མཐའ་དང་ཉེ་འདབས་ཀྱི་བཟོ་ལས་ས་ཁུལ་ཕྱིར་འཕྲོག་པ་དང་། ཕྱོགས་གཉིས་ཀྱིས་སྔར་བཞིན་འཁྲུག་རྩོད་བྱས་ཏེ་ལཱ་མཱ་ཏིས་གྲོང་ཁྱེར་གྱི་ཚོད་འཛིན་དབང་ཆ་འཕྲོག་རྩོད་བྱེད་བཞིན་ཡོད།

བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཉིན་དེར་བསྟུད་མར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་གྲོང་ཁྱེར་དང་རྒྱལ་ས་པཱ་ཀ་ཏཱའི་སྲང་ལམ་གཙོ་བོ་ཁག་ཅིག་ཕྱིར་འཕྲོག་པར་མ་ཟད། པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པའི་པེད་ལེ་ཏི་གྲོང་རྡལ་ཉེ་འདབས་ཀྱི་ཟམ་ཆེན་ཞིག་ཕྱིར་འཕྲོག དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཕྱོགས་གཉིས་ལ་ཤི་རྨས་བྱུང་བའི་གནས་ཚུལ་གསལ་བོར་མ་བསྒྲགས་ཀྱང་། དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྐོར་ཞིག་བསད་པ་ཁས་ལེན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག