ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཙུང་ཐུང་གི་སྲིད་འཛིན་དབང་ཆ་ལག་བསྟར་བྱས་ཏེ་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་ཁག་ཅིག་ལེགས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས། སྲིད་འཛིན་བཀའ་རྒྱ་བཀོད་རྗེས། ཁྲིམས་འགལ་གནས་སྤོར་སྡོད་དམངས་ས་ཡ་ལྔ་ཙམ་གནས་སྐབས་སུ་མཐར་སྐྲོད་གཏོང་རྒྱུ་མ་རེད།
དེ་ནི་ཨོ་པཱ་མཱ་ལ་སྤྱི་མཐུན་ཏང་གི་རྒྱབ་སྐྱོར་མ་ཐོབ་པའི་གནས་ཚུལ་འོག རྒྱལ་ཚོགས་ལ་གཞོལ་ནས་ཙུང་ཐུང་གི་ཚད་བརྒལ་དབང་ཤུགས་ལ་འགྲན་རྩོད་བྱེད་པའི་བྱ་སྤྱོད་ཅིག་ཡིན་པར་བསམ་ཡོད། ཨོ་པཱ་མཱ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ། ང་ཚོས་འཛམ་གླིང་གི་ས་ཁུལ་སོ་སོའི་གནས་སྤོར་སྡོད་དམངས་ལ་དགའ་བསུ་བྱེད་པའི་སྲོལ་རྒྱུན་གྱིས་ཨ་མེ་རི་ཁར་རྒྱལ་ཁབ་གཞན་པ་ལས་ལྷག་པའི་ཁྱད་སྟོབས་ཆེན་པོ་ལྡན་པ་དང་། བྱེད་ཐབས་དེས་ང་ཚོའི་ལང་ཚོ་དང་གསོན་ཤུགས། གསར་གཏོད་ཀྱི་སྙིང་སྟོབས་བཅས་སྲུང་འཛིན་བྱས་ཡོད་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།