མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཕཱ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉི་ཤུའི་ཉིན་ཕཱ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དེ་ནི་སུའུ་ལིན་དུས་སྐབས་ཀྱི་ཚུན་ལ། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཐོག་དང་པོར་ཕཱ་ཁི་སི་ཐན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གཅིག་སྟོང་དགུ་བརྒྱ་རེ་དགུ་ལོར་སུའུ་ལིན་གྱི་རྒྱལ་སྲུང་བློན་ཆེན་ཨན་ཏི་ལེ་ཀི་ལེ་ཆི་ཁི་ཡིས་ཕཱ་ཁི་སི་ཐན་ལ་འཚམས་འདྲི་བྱས་པ་ནས་ད་ལྟའི་བར་ལོ་ངོ་ཞེ་ལྔ་འགོར་ཡོད་པ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁཱ་ཡཱ་ཧྲིན་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ད་རུང་སྡེ་ཁག་བར་གྱི་མཉམ་དོན་མཉམ་ལས་གྲོས་མཐུན་འགོད་པའི་འཆར་གཞི་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག