མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་ཅོར་ཏན་དུ་འཐབ་འཛིང་གནམ་གྲུ་དྲུག་བཀོད་སྒྲིག་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཅོར་ཏན་དུ་འཐབ་འཛིང་གནམ་གྲུ་དྲུག་བཀོད་སྒྲིག་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཀྱིས་མིག་སྔར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ཉེ་འདབས་ཀྱི་ཧྥ་རན་སིའི་དམག་དོན་རྟེན་གཞི་རུ་འཐབ་འཛིང་གནམ་གྲུ་དགུ་བཀོད་སྒྲིག་བྱས་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། འཐབ་འཛིང་གནམ་གྲུ་དྲུག་པོ་དེ་ཟླ་རྗེས་མར་ཅོར་ཏན་དུ་བཀོད་སྒྲིག་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག