མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུན་མོང་བདེ་འཇགས་དང་འགོག་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགོག་སྲུང་ཆུ་ཚད་ཇེ་མཐོར་གཏོང་ཆེད། བྱང་ཆིངས་རྩ་འཛུགས་ཀྱིས་ལོ་རེར་་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་མང་སྤེལ་བཞིན་ཡོད། པར་འདི་ནི་ད་ལོའི་ཟླ་ལྔ་བར་བྱང་ཆིངས་དམག་དཔུང་གིས་པའོ་ལི་ཏི་རྒྱ་མཚོའི་ས་ཁུལ་དུ་དམག་དོན་སྦྱོང་བརྡར་བྱེད་པའི་ཚུལ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅོ་བརྒྱད་ཉིན་པུའུ་ལུའུ་སེར་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་གཡི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། དེང་སྐབས་ཡོ་རོབ་གླིང་གི་བདེ་འཇགས་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་འབྱུང་བཞིན་ཡོད་ཅིང་། དབྱི་རག་དང་སི་རི་ཡཱ། ཝུའུ་ཁི་ལན། ཨ་ཧྥེ་རི་ཁ་གླིང་གི་སཱ་ཧི་ལེ་ས་ཁུལ་བཅས་ཀྱི་གཏན་འཇགས་མིན་པའི་གནས་བབ་སོགས་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱལ་ཁབ་སོ་སོའོ་རྒྱལ་སྲུང་བློན་ཆེན་གྱིས་ཐུན་མོང་བདེ་འཇགས་དང་འགོག་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་རང་སྟེང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པའི་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐོ་ཨར་ཐིན་པེ་ཀི་ཡིས་ཚོགས་ཐོག་ནས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་ལས་ཟབ་མོ་བྱས་ཏེ། མཉམ་དུ་གནས་བབ་གསར་བའི་འོག་གི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་ཁབ་སོ་སོའི་རྒྱལ་སྲུང་བློན་ཆེན་གྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱི་དྲ་རྒྱའི་འགོག་སྲུང་སྲིད་ཇུས་སྒྲོམ་གཞི་ལ་གྲོས་འཆམ་བྱུང་། སྲིད་ཇུས་དེས་རྒྱལ་ཁབ་སོ་སོས་དྲ་རྒྱའི་འགོག་སྲུང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་འཕྲིན་གཏོང་དྲ་རྒྱར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་རེད། དེ་ལས་གཞན་གྲོས་ཚོགས་ནས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་བྱང་ཆིངས་རྩ་འཛུགས། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སོགས་གྲོགས་པོའི་བར་གྱི་ས་ཁུལ་དང་འཛམ་གླིང་ཡོངས་ཁྱབ་ཁོངས་ཀྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་ནན་བཤད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག