མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་ལི་པུ་ཡཱའི་པན་ཅཱ་ཞི་ནས་དུས་ཚོད་བཅུ་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ལེ་ཨང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ལི་པུ་ཡཱའི་ཤར་ཕྱོགས་ཀྱི་པན་ཅཱ་ཞི་གྲོང་ཁྱེར་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཉིན་དེར་དུས་ཚོད་བཅུ་གཉིས་རིང་ཆ་རྐྱེན་ཅི་ཡང་མེད་པའི་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཟེར། ལེ་ཨང་གིས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་དེ་ས་དེའི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ་དང་དགོང་མོའི་དུས་ཚོད་བདུན་ལ་མཇུག་སྒྲིལ་རྒྱུ་རེད་ཟེར། འཁྲུག་རྩོད་ཕྱོགས་ཁག་སོ་སོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་ལྟར་ན། ལི་པུ་ཡཱའི་ཟླ་གསར་དམར་པོ་ཚོགས་པས་འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་མི་སེར་དཀྱུས་མ་འཁྲུག་རྩོད་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་རོགས་རམ་བྱེད་པ་དང་། ཤི་བོའི་བེམ་པོ་བདག་བྱེད་པ་སོགས་བྱ་བ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག