མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་སྲིད་གཞུང་དམག་གིས་ཤར་རྒྱུད་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་བསྐྱོད་སྒྲིག་འཛུགས་ལ་ཕྱིར་རྒོལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-19 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས18ཉིན་དབྱི་རག་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་དབྱི་རག་ཤར་རྒྱུད་ཀྱི་གྲོལ་རྡལ་གཙོ་བོ་ས་ཨ་ཏི་ཡེ་བཟུང་བའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་བསྐྱོད་སྒྲིག་འཛུགས་ལ་ཕྱིར་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་བསྐྱོད་སྒྲིག་འཛུགས་ཀྱིས་དུས་ཡུན་ཟླ་ལྔའི་ལྷག་ལ་བཟུང་བའི་གྲོང་རྡལ་གཙོ་བོ་ཕྱིར་ལེན་བྱས་ཡོད་པ་དང་། སྲིད་གཞུང་དམག་ས་ཨ་ཏི་ཡེ་ཉེ་འཁོར་ལ་འབྱོར་དུས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་བསྐྱོད་སྒྲིག་འཛུགས་ཀྱི་དྲག་ཆས་མི་སྣའི་བར་ལ་དམག་འཐབ་དྲག་པོ་བྱུང་སྟེ་དྲག་ཆས་མི་སྣ་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་རེད།

གཞན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་རྒྱུད་ཀྱི་ས་ལ་ཧོ་ཏིན་མངའ་སྡེའི་པའེ་དབྱི་ཅི་གྲོང་ཁྱེར་དུ། དབྱི་རག་བདེ་འཇགས་དམག་དཔུང་དང་ཡུལ་དམག་གཉིས་ཀྱིས་ཉིན་དེར་མཁའ་དམག་གི་རོགས་འདེགས་འོག པའེ་དབྱི་ཅི་རྡོ་སྣུམ་བཙོ་སྦྱང་ཁང་གི་ཉེ་འཁོར་གྱི་གྲོང་ཚོ་ཞིག་ཕྱིར་བླངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག