མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཤར་ཕྱོགས་ནས་མི་འབུམ་བཞི་དང་ཁྲི་ལྔ་དམག་འཁྲུག་ལ་གཡོལ་ཆེད་རང་ཁྱིམ་དང་བྲལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དྲུག་ཉིན་ཝུའུ་ཁི་ལན་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གྲངས་ཀ་ལྟར་ན། ད་ལོའི་ཟླ་བཞི་བའི་ཚུན་ལ། དམག་འཁྲུག་ལ་གཡོལ་ཆེད་ཝུའུ་ཁི་ལན་ཤར་ཕྱོགས་ནས་རང་ཁྱིམ་དང་བྲལ་བའི་ཡལ་གྱར་བའི་གྲངས་ཀ་འབུམ་བཞི་དང་ཁྲི་ལྔ་ལ་བསླེབས་པ་དང་། མིག་སྔར་ཝུའུ་ཁི་ལན་སྲིད་གཞུང་གིས་ཡུལ་གྱུར་བར་སྡོད་ཁང་ཁ་གསབ་བྱིན་ནས། ཁོ་ཚོས་འཚོ་བ་གསར་བ་རོལ་བར་རོགས་རམ་བྱེད་པའི་འཆར་གཞི་འཐེན་བཞིན་ཡོད་ཟེར།

ཝུའུ་ཁི་ལན་རང་བཙན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ལེ་ཞན་ཁོ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔའི་བར་དུ་ཝུའུ་ཁི་ལན་གྱི་མི་འབུམ་བཞི་དང་ཁྲི་བཞི་སྟོང་ལྔ་དམག་འཁྲུག་རྒྱག་ས་ནས་གནས་གཞན་ལ་མི་འགྲོ་ཀ་མེད་བྱུང་བ་དང་། དེའི་ནང་གི་མི་འབུམ་གཉིས་དང་ཁྲི་གཅིག་རྒན་པ་དང་དབང་བོ་སྐྱོན་ཅན། བྱིས་པ་བཅས་ཡིན་ཟེར།

ལེ་ཞན་ཁོ་ཡིས་བཤད་རྒྱུར། རང་ཁྱིམ་དང་བྲལ་བའི་ཡུལ་གྱར་བ་ཁ་ཤས་ལ་ཚད་མི་འདྲ་བའི་གནོད་པ་ཐེབས་པ་དང་། མིག་སྔར་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་ཡིས་ཝུའུ་ཁི་ལན་སྲིད་གཞུང་གི་སྨན་བཅོས་རོགས་སྐྱོབ་དང་ལེན་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལེན་བདེན་ལུགས་ཚགས་པར་སྟེང་བཀོད་པའི་གསར་འགྱུར་ལྟར་ན། ཝུའུ་ཁི་ལན་སྤྱི་ཚོགས་སྲིད་ཇུས་ཁང་གི་མགོ་གཙོ་གཞོན་པ་མུའུ་ཞིན་ཉིན་གྱིས་བཤད་རྒྱུར། ཤར་ཕྱོགས་ཀྱི་ཡུལ་གྱར་བས་ཁོར་ཡུག་གསར་བའི་འོག་བདེ་བླག་ངང་འཚོ་བ་རོལ་བར་རོགས་རམ་བྱེད་ཆེད། ཝུའུ་ཁི་ལན་སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་དངུལ་བུན་སྟེར་བའི་འགྲོ་ལུགས་སྟབས་ཇེ་བདེར་བཏང་ཡོད། དེས་མི་ཚད་ཝུའུ་ཁི་ལན་སྲིད་གཞུང་གིས་ཤར་ཕྱོགས་ཀྱི་ཡུལ་གྱར་བར་སྡོད་ཁང་ཁ་གསབ་བྱིན་ནས། ཁོ་ཚོའི་དཔལ་འབྱོར་གནོན་ཤུགས་ཇེ་ཆུང་དུ་གཏོང་རྩིས་ཡོད་ཟེར།

ད་ལོའི་ཟླ་བཞི་བར། ཝུའུ་ཁི་ལན་སྲིད་གཞུང་དམག་དང་དམངས་ཁྲོད་དྲག་ཆས་རྩ་འཛུགས་བར་འཐབ་འཁྲུག་བྱུང་བ་དང་། ཟླ་འདིའི་ཟླ་འགོར་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་རང་སྟེང་ནས་འདེམ་བསྐོ་བསྡུས་པས། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར། དེའི་རྗེས་སུ་ཝུའུ་ཁི་ལན་སྲིད་གཞུང་གིས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་ས་ཁུལ་གྱི་མང་ཚོགས་ལ་རྒན་གསོའི་རོགས་དངུལ་སོགས་སྤྱི་ཚོགས་འགན་སྲུང་རོགས་དངུལ་སྟེར་མཚམས་འཇོག་རྒྱུའི་ཐག་བཅད། ཚེས་བཅོ་ལྔ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་ཡིས་ཤར་ཕྱོགས་ཀྱི་དམག་འཁྲུག་རྒྱག་སར་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་པ་དང་། ཝུའུ་ཁི་ལན་གྱི་སྤྱི་ཞབས་པ་དང་ལས་ཁུངས་གཞན་པའི་ལས་དོན་པ་རྣམས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག