མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་དམག་དཔུང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྣུམ་སྦྱང་བཟོ་གྲྭ་གཙོ་བོ་ཞིག་གི་སྐོར་བཅོམ་ལས་བརྒལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་དམག་དཔུང་ཚེས་བཅོ་ལྔ་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱལ་ཁབ་དེའི་སྣུམ་སྦྱང་བཟོ་གྲྭ་གཙོ་བོ་ཞིག་གི་སྐོར་བཅོམ་ལས་བརྒལ་བ་དང་། དབྱི་རག་བདེ་འཇགས་དམག་དཔུང་གིས་སྣུམ་སྦྱང་བཟོ་གྲྭ་དེ་ཟླ་འགའི་རིང་ལ་བརྟན་སྲུང་བྱས་པ་རེད། སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཧྲིན་ཀྲང་ཡེའོ་པུའུ་ལེ་ཡིས་དབྱི་རག་གི་དམག་དཔུང་སྣུམ་སྦྱང་བཟོ་གྲྭ་དེའི་སྒོ་ཆེན་ཡོད་སར་ཐོན་ཡོད་ཅེས་བཤད།

དབྱི་རག་གི་དཔོན་རིགས་གསུམ་གྱིས་བདེན་དཔང་བྱས་པ་ལྟར་ན། དབྱི་རག་གི་དམག་དཔུང་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སྣུམ་སྦྱང་བཟོ་གྲྭ་དེ་ཡོད་སར་ཐོན་པ་དང་། བཟོ་གྲྭ་དེས་ཉིན་རེར་མ་བཅོས་རྡོ་སྣུམ་ཟོ་འབུམ་གསུམ་ཙམ་ཐོན་སྐྱེད་བྱས་ཏེ། རྒྱལ་ཡོངས་ཀྱི་རྡོ་སྣུམ་གྱི་བརྒྱ་ཆའི་ལྔ་བཅུའི་དགོས་མཁོ་བསྐངས་མྱོང་ཟེར། ཉེ་བའི་ཟླ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་སྣུམ་སྦྱང་བཟོ་གྲྭ་དེའི་མཐའ་བསྐོར་བ་མ་ཟད་ཐེངས་མང་བོར་འཇབ་རྒོལ་བྱས་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣར་སྣུམ་སྦྱང་བཟོ་གྲྭ་དེའི་ར་སྐོར་ཆེན་པོའི་ནང་འཛུལ་བའི་ནུས་པ་ཡོད་ནའང་། བཟོ་གྲྭ་དེ་ཚོད་འཛིན་བྱེད་ཐུབ་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག