མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨེ་པོ་ལཱ་ནད་ཡམས་འགོག་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲི་ལི་ཡའི་པུའུ་ལེ་སི་པན་གྲོང་ཁྱེར་ན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅོ་ལྔ་ཉིན་ཡང་བསྐྱར་ཨེ་པོ་ལཱ་ནད་ཡམས་འགོག་པའི་དགོས་གཏུག་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ཁ་གཏད་འཇལ་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཕན་ཅི་ཝུན་གྱིས་མིག་སྔར་ཨེ་པོ་ལཱ་ནད་ཡམས་དེ་ཨ་ཧྥེ་རི་ཁ་ནུབ་མའི་ས་ཆ་ཁ་ཤས་ནས་ཚབས་ཇེ་ཆུང་དུ་སོང་ཡོད་ནའང་། ས་ཁུལ་གཞན་དག་ནས་མུ་མཐུད་ནད་ཡམས་དེ་མཆེད་པ་མ་ཟད་འཕྲོད་བསྟེན་སྡེ་ཁག་གིས་དེར་སེམས་ཁུར་བྱེད་བཞིན་ཡོད་ཅེས་བཤད། ཁོས་བཤད་རྒྱུར། ཨེ་པོ་ལཱ་ནད་ཡམས་དེ་མིག་སྔར་འཕྲོད་བསྟེན་གྱི་གནད་དོན་ཁོ་ན་མ་ཡིན་པར། དཔལ་འབྱོར་དང་བདེ་འཇགས་ཀྱི་གནད་དོན་དུ་གྱུར་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྲེལ་མྱུར་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་མ་ཟད། ཆེད་དོན་འཕྲལ་བསྟུན་ལས་ཁུངས་བཙུགས་ཡོད་ཟེར།

ཕན་ཅི་ཝུན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨེ་པོ་ལཱ་ནད་ཡམས་འགོག་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་མིག་སྔར་རྒྱ་ཆེ་བའི་ནོར་སྲིད་དང་མཁོ་སྒྲུབ། སྨན་བཅོས་བཅས་ཀྱི་ཐོན་ཁུངས་སྐུལ་སློང་བྱེད་དགོས་པ་མ་ཟད། རྒྱལ་ཁབ་སོ་སོས་དེར་ཆབ་སྲིད་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག