མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཨ་ཧྥུའུ་ཧན་བར་གྱི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཧྥུའུ་ཡིས་ཚེས་བཅོ་ལང་ཉིན་ཕ་ཁི་སི་ཐན་གྱིས་ཁྱབ་ཁོངས་ཡོད་ཚད་ནས་ཨ་ཧྥུའུ་ཧན་བར་གྱི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་འདོད་ཡོད་ཅེས་བཤད།

ཕ་ཁི་སི་ཐན་ལ་འཚམས་འདྲིར་ཡོང་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཞེ་ལེ་ཧྥུའུ་ཡིས་བཤད་རྒྱུར། ཁོ་དང་ཅ་ཉི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲོས་མོལ་ཟབ་མོ་བྱས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་གྲོགས་པོའི་འབྲེལ་བ་སྟོབས་ཅན་འཛུགས་པའི་ཆོད་སེམས་བསྐྱར་སྒྲོག་བྱས་པ་མ་ཟད། ཕན་ཚུན་བར་འབྲེལ་འདྲིས་བྱེད་པ་དང་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པར་འདོད།

ཕ་ཁི་སི་ཐན་གྱིས་མཐའ་མཚམས་བདེ་འཇགས་དང་འགག་སྲུང་། ཨ་ཧྥུའུ་ཧན་བསྐྱར་འཛུགས། གྲོས་ཁང་གི་འགྲོ་འོང་། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ནས་ཨ་ཧྥུའུ་ཧན་བར་གྱི་མཉམ་ལས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་འདོད་ཡོད་ཟེར།

ཞེ་ལེ་ཧྥུའུ་ཡིས་ད་དུང་བཤད་རྒྱུར། ཞི་བདེ་དང་བརྟན་འཇགས། མཐུན་སྒྲིལ། དར་རྒྱས་བཅས་ཀྱི་ཨ་ཧྥུའུ་ཧན་ཞིག་བྱུང་ན་ཕ་ཁི་སི་ཐན་གྱི་ཁེ་ཕན་གཙོ་བོ་དང་མཐུན་ལ། ཕ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུའུ་མི་དམངས་ཀྱིས་ཞི་བདེ་དང་གོང་འཕེལ་གྱི་ཆེད་དུ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

 ཅ་ཉི་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན། ཁོས་ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཆེས་མཁོ་བའི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་རྨང་གཞི་བཟང་བོ་བཏིངས་ཡོད་ཅེས་བཤད། ཅ་ཉི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་དབྱི་སི་ལན་པའོ་ལ་ཐོན་ནས་ཕ་ཁི་སི་ཐན་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག