མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བྱང་མའི་མགོ་ཁྲིད་པས་དབྱིན་ཇིས་གནས་སྤོར་འཆར་གཞི་ལ་ཚོད་འཛིན་བྱེད་པར་ཉེན་བརྡ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བྱང་མའི་མགོ་ཁྲིད་པས་དབྱིན་ཇིས་གནས་སྤོར་འཆར་གཞི་ལ་ཚོད་འཛིན་བྱེད་པར་ཉེན་བརྡ་བཏང་། དབྱི་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མཱེ་ལུན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ནས་ཡོང་བའི་གནས་སྤོར་སྡོད་དམངས་ཀྱི་འཆར་གཞི་ལ་ཚོད་འཛིན་བྱེད་པ་དེར་ཡོ་རོབ་གླིང་བྱང་མའི་མགོ་ཁྲིད་པ་གསུམ་གྱིས་ཉེན་བརྡ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། གནས་སྤོར་སྡོད་དམངས་ཀྱི་གྲངས་ཀ་ཚད་ངེས་ཅན་ཞིག་ཏུ་ཐོན་ཚེ། དབྱིན་ཇིས་མྱུར་དུ་ཚོད་འཛིན་བྱེད་ཐབས་སྤྱོད་སྲིད་པ་དང་། ཡང་ན་གནས་སྤོར་སྡོད་དམངས་གསར་བར་རྒྱལ་དམངས་ཉེན་ཚབ་ཨང་གྲངས་སྟེར་བར་ཚོད་འཛིན་བྱེད་སྲིད་ཟེར། ནོར་ཝེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་སཱོ་ཨར་པོ་ཀི་ཡིས་བཤད་རྒྱུར། མི་དམངས་རང་དབང་གིས་གནས་སྤོར་བའི་རྩ་དོན་དེ་ནོར་ཝེ་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་གལ་ཆེ་བ་མ་ཟད། ཕྱོགས་ཁག་རྙིང་བར་མཚོན་ནས་བཤད་ན་ཡང་བསམ་བློའི་ངོས་འཛིན་ཐད་ནས་ཧ་ཅང་གལ་ཆེ། ནོར་ཝེ་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་མིན་ནའང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རང་རྐྱང་འཕེར་བའི་ཁྲོམ་རར་ཞུགས་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱི་སྡོད་དམངས་རང་དབང་གིས་གནས་སྤོར་བྱེད་དུ་འུག་བཞིན་ཡོད་ཟེར།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལཱོ་ཧྥུའུ་ཝུན་གྱིས་བཤད་རྒྱུར། ངས་བལྟས་ན་གནས་སྤོར་ཚོད་འཛིན་ནི་ནོར་འཁྲུལ་ཞིག་ཡིན་ཏེ། ཚོད་འཛིན་མ་བྱས་ན་རྒྱལ་ཁབ་སོ་སོས་གནད་དོན་མི་འདྲ་བའི་ཐད་ནས་རང་གི་ཐག་གཅོད་ཀྱི་ཐབས་ཤེས་འཚོལ་ཐུབ་པ་དང་། གལ་ཏེ་ཐུན་མོང་གི་ཁྲིམས་སྲོལ་འོག་ཏུ་ཐུན་མོང་གི་ཁྲོམ་ར་འཛུགས་པ་དང་། གལ་ཏེ་རྒྱལ་ཁབ་གཅིག་གིས་བཅོས་སྒྱུར་བྱེད་ཐབས་སྤྱད་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཐུན་མོང་ཁྲོམ་ར་ཡང་མེད་པར་འགྱུར་ངེས་ཟེར། ཧྥིན་ལན་གྱི་ཙུང་ལི་སི་ཐུའུ་པུའུ་ཙིག་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་རང་དབང་གིས་གནས་སྤོར་བྱེད་པའི་རྩ་དོན་དེ་ནི་བླ་ན་མེད་པ་ཞིག་ཡིན་ཟེར། ཁོས་ད་དུང་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ཀྱི་སྡོད་དམངས་སྒོ་ཆེན་ཕྱེས་པའི་དབྱིན་ཇི་ལ་མཚོན་ན་ཡོ་རོབ་གླིང་གི་རྟགས་མ་སྟེར་འོས་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག