མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དངོས་རྫས་མཁོ་འདོན་ལམ་ཐིག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སི་རི་ཡའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་ཚེས་བཅུ་གཉིས་ཉིན་ཐལ་སྤྱོད་དྲག་ཆས་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་མཐའ་མཚམས་ཀྱི་གྲོང་རྡལ་གཙོ་བོ་ཨེ་དབྱིན་ཨ་རབ་ཅེས་པར་འཇབ་རྒོལ་བྱེད་སའི་དངོས་རྫས་མཁོ་འདོན་ལམ་ཐིག་ཅིག་བཅད་ཟེར།

སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སི་རི་ཡའི་ཁུའུ་ཨར་ཏི་རིགས་ཀྱི་མི་དམངས་སྲུང་སྐྱོབ་དམག་གིས་རི་བོ་མད་ཧྲི་ཐ་ནུའུ་ཨར་ཞེས་པ་དེའི་རྒྱབ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྒར་སར་དཔུང་འཇུག་བྱས་ཏེ། གྲོང་རྡལ་ལྷོ་ཕྱོགས་ཀྱི་ཨེ་དབྱིན་ཨ་རབ་ལ་འགྲོ་སའི་ལམ་བཅད་ཟེར།

སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱི་བཤད་ཚུལ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་དྲུག་ཉིན་དེའི་འཐབ་འཁྲུག་ཁྲོད་ནས་བསད་ཟེར།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ད་ལོའི་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ནས་བཟུང་སི་རི་ཡའི་བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་རྡལ་ཨེ་དབྱིན་ཨ་རབ་ལ་འཇབ་རྒོལ་བྱས་པ་མ་ཟད། དེའི་མཐའ་འཁོར་ན་ཡོད་པའི་ཁུའུ་ཨར་ཏི་རིགས་ཀྱི་སྡེ་བ་མང་བོ་བཙན་བཟུང་བྱས་ཏེ། ཉུང་མཐར་ཡང་ཡུལ་གྱར་བ་འབུམ་གཅིག་དང་ཁྲི་བརྒྱད་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་ལ་འབྲོ་རུ་བཅུག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག