མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་འབར་མའི་རང་བྱུང་རླངས་ལྕགས་མདོང་གིས་རྒྱལ་ནང་ལ་རླངས་མཁོ་སྤྲོད་བྱེད་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར30ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྡོ་སྣུམ་རང་བྱུང་རླངས་ཚོགས་པའི་ཀུང་སིས་སྤྱི་ཚེས13ཉིན། སྤྱི་ཟླ11པའི་ཚེས11ཉིན་བར་སླེབས་དུས། ཀྲུང་གོ་དང་འབར་མའི་རང་བྱུང་རླངས་ལྕགས་མདོང་གིས་རིམ་རྩིས་བྱས་ན་རྒྱལ་ནང་ལ་རང་བྱུང་རླངས་སྐྱེལ་འདྲེན་བྱེད་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར30ལས་བརྒལ་ཡོད་ཅེས་བཤད།

ཀྲུང་གོ་དང་འབར་མའི་རང་བྱུང་རླངས་ལྕགས་མདོང་གི་རྒྱལ་ནང་དུམ་མཚམས་ལ་ཁྱོན་ཡན་ལག་ལམ་ཐིག་བརྒྱད་ཡོད་པ་རེད། མིག་སྔར། འབར་མ་ནས་དབོར་ཡོང་བའི་རང་བྱུང་རླངས་ཀྱིས་ཡུན་ནན་དང་། ཀུའེ་ཀྲའུ། ཀོང་ཞི། ཁྲུང་ཆིང་། སི་ཁྲོན་བཅས་ཀྱི་ས་གནས་དང་གྲོང་ཁྱེར20ལྷག་ལ་ཁེབས་ཡོད་པ་དང་། ལྕགས་མདོང་ལམ་རྒྱུད་ཀྱི་དུད་ཁྱིམ་དེ་བས་མང་བས་འབར་མའི་རང་བྱུང་རླངས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག