མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ནུབ་མའི་རང་བྱུང་རླངས་ལྕགས་མདོང་གིས་ལོ་གཅིག་ལ་རླངས་མཁོ་འདོན་བྱེད་པའི་གཞི་ཁྱོན་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར300ཟིན་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྡོ་སྣུམ་རང་བྱུང་རླངས་ཚོགས་པ་ཀུང་སིས་སྤྱི་ཚེས13ཉིན། སླད་ཕྱིན་ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ནུབ་མའི་རང་བྱུང་རླངས་ལྕགས་མདོང་གིས་ལོ་གཅིག་ལ་རླངས་མཁོ་འདོན་བྱེད་པའི་གཞི་ཁྱོན་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར300ཟིན་རྒྱུ་དང་། རླངས་མཁོ་འདོན་བྱེད་པའི་དུས་བཀག་ལོ30ཡིན་ཞེས་བཤད་ཡོད་པ་རེད།

ཀྲུང་གོའི་རྡོ་སྣུམ་དང་ཨུ་རུ་སུའི་རང་བྱུང་རླངས་བཟོ་ལས་མ་རྐང་ཀུང་སིས་ཉིན་ཤས་གོང་ལམ་ཐིག་ནུབ་མའི་ལྕགས་མདོང་བརྒྱུད་ཨུ་རུ་སུ་ནས་ཀྲུང་གོར་རང་བྱུང་རླངས་མཁོ་སྤྲོད་བྱ་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་ཆོད་ཅེས་པར་མིང་རྟགས་བཀོད་ཡོད་པ་རེད། གྲོས་ཆོད་ནང་སླད་ཕྱིན་ཨུ་རུ་སུས་ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ནུབ་མའི་རང་བྱུང་རླངས་ལྕགས་མདོང་བརྒྱུད་ཀྲུང་གོར་རླངས་མཁོ་འདོན་བྱེད་པའི་གཞི་རྩའི་ལག་རྩལ་གྱི་དཔལ་འབྱོར་སྲོལ་ཡིག་གཏན་འབེབས་བྱས་ཡོད་པ་དང་། རླངས་མཁོ་འདོན་བྱེད་པའི་གཞི་ཁྱོན་ལོ་གཅིག་ལ་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར300ཟིན་རྒྱུ་དང་། རླངས་མཁོ་འདོན་བྱེད་ཚད་རིམ་བཞིན་མང་དུ་གཏོང་བའི་དུས་བཀག་ལོ་བཞི་ནས་དྲུག་བར་ཡིན་པ། རླངས་མཁོ་འདོན་བྱེད་པའི་དུས་བཀག་ལོ30ཡིན་པ་བཅས་ཀྱི་མཉམ་ལས་སྒྲོམ་གཞི་གཏན་འཁེལ་བྱས་ཡོད་པ་རེད། རླངས་མཁོ་འདོན་བྱེད་པའི་རྣམ་གྲངས་འདིས་རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་གཏོང་ཐབས་བརྗེ་སྒྱུར། དབུས་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག