མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་མོང་གོལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དུས་མཚམས་གཉིས་པའི་མཉམ་ལས་རྣམ་གྲངས་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་མོང་གོལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དུས་མཚམས་གཉིས་པའི་མཉམ་ལས་རྣམ་གྲངས་འགོ་ཚུགས་པའི་མཛད་སྒོ་དེ་སྤྱི་ཚེས12ཉིན་མོང་གོལ་རྒྱལ་ཁབ་དུ་སྐོང་ཚོགས་གནང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་སྒྲིག་འཛུགས་ཀྱི་རོགས་རམ་འོག་མ་འོངས་པའི་ལོ་གཉིས་ཀྱི་རིང་ཀྲུང་གོའི་རིགས་གཅིག་མཁས་པས་ཞིང་འབྲོག་ལས་རིགས་ཀྱི་ཁྱབ་ཁོངས་ནང་མོང་གོལ་ཕྱོགས་བར་མཉམ་ལས་མུ་མཐུད་ནས་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་རེད།

མོང་གོལ་རྒྱལ་ཁབ་ཀྱི་བཟོ་ལས་དང་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཐུའུ་དབང་གིས་ཀྲུང་གོ་དང་མོང་གོལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐོག་མའི་མཉམ་ལས་རྣམ་གྲངས་ཁྲོད་དུ་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་པ་དང་ལག་རྩལ་མི་སྣ་མོང་གོལ་གྱི་ཞིང་ཆེན་༨དུ་ཟབ་ཞུགས་བྱས་ཤིང་།ཞིང་ལས་ཀྱི་རིན་ཐང་བྲལ་བའི་ཉམས་མྱོང་མོང་གོལ་གྱི་མང་ཚོགས་རྣམས་ལ་བརྒྱུད་བསྒྲགས་བྱས་པ་དང་། མོང་གོལ་གྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད། དུས་མཚམས་གཉིས་པའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག