མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཁོ་རེ་ཡའི་གསར་འགྱུར་ལས་རིགས་ཀྱིས་ཉེ་ཆར་བསྟུད་མར་ལྷོ་ཁོ་རེ་ཡའི་དམག་སྦྱོང་ལ་རྒོལ་གཏམ་གཏོང་བའི་རྩོམ་ཡིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཁོ་རེ་ཡའི་གསར་འགྱུར་ལས་རིགས་ཀྱིས་ཉེ་ཆར་བསྟུད་མར་ལྷོ་ཁོ་རེ་ཡའི་དམག་སྦྱོང་ལ་རྒོལ་གཏམ་གཏོང་བའི་རྩོམ་ཡིག་སྤེལ་ཡོད་པ་རེད།བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་ནས་སྤྱི་ཚེས13ཉིན་རྩོམ་ཡིག་དཔྱད་གཏམ་སྤེལ་བར།ལྷོ་ཁོ་རེ་ཡས་ས་ཁོངས་ཧྲིལ་བོར་སྤྱི་ལོ2014ལོའི་རྒྱལ་སྲུང་ནང་སྦྱོང་བྱས་པར་རྒོལ་གཏམ་བཏང་ནས་ལྷོ་ཁོ་རེ་ཡའི་དམག་དོན་བྱ་སྤྱོད་ཀྱིས་ཡན་ཕིན་གླིང་ཕྲན་གྱི་མེ་སྒྱོགས་འཐབ་འཁྲུག་སླར་ཡང་བཟོ་ཉེན་ཡོད་པ་རེད་ཅེས་འཁོད་ཡོད་པ་དང་། རྩོམ་ཡིག་ནང་དམག་དོན་དབྱེ་མཚམས་ཁུལ་གྱི་ལྷོ་ཁོ་རེ་ཡའི་དམག་མི་སོགས་ཚང་མ་ནང་སྦྱོང་ལ་ཞུགས་ཡོད་པ་དང་། ལྷོ་ཁོ་རེ་ཡ་དེ་བྱང་ཁོ་རེ་ཡར་བཙན་འཛུལ་བྱེད་པའི་ནང་སྦྱོང་འཐབ་ར་ཞིག་ཏུ་གྱུར་ཡོད་ཅེས་སྤེལ་ཡོད་ལ།

རྩོམ་ཡིག་ནང་ཛ་དྲག་ཆེ་བའི་གནས་བབ་དེར་དམིགས་ཏེ་བྱང་ཁོ་རེ་ཡས་ཉེན་བརྡ་བཏང་སྟེ། གལ་སྲིད་ལྷོ་ཁོ་རེ་ཡས་འཁྲུག་རྩོད་སློང་བའི་རང་བཞིན་གྱི་མཚོ་ཐོག་མེ་སྒྱོགས་འཕེན་རྩིས་བྱས་ཚེ་བྱང་ཁོ་རེ་ཡའི་ཕྱོགས་ཀྱིས་ལམ་སང་དངོས་ལུགས་རང་བཞིན་གྱི་རྒོལ་ལན་སྤྲོད་རྒྱུ་ཞེས་ནན་བཤད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག