མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་ཤར་མའི་འགོ་ཁྲིད་མི་སྣའི་འགོ་གཙོའི་གྲོས་ཚོགས་དེ་འབར་མའི་ནེ་པེ་དུར་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན་གཉིས་རིང་གི་ཨེ་ཤ་ཡ་ཤར་མའི་འགོ་ཁྲིད་མི་སྣའི་འགོ་གཙོའི་གྲོས་ཚོགས་རབ་དང་རིམ་པ་སྤྱི་ཚེས13ཉིན་འབར་མའི་རྒྱལ་ས་ནེ་པི་དུར་མཇུག་སྒྲིལ་ཡོད་པ་རེད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ནང་མཉམ་ཞུགས་སྔར་བས་ཟབ་པ་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་མ་ཟད། ཀྲུང་གོ་དང་། ལྗར་ཕན། ལྷོ་ཁོ་རེ་ཡ་བཅས་ཚུད་པའི་སྐད་ཆ་ཤོད་རེས་རོགས་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཕྱོགས་གཉིས་དང་ཕྱོགས་མང་སྐད་ཆ་ཤོད་རེས་ཐེངས་མང་བྱས་ཏེ། གལ་ཆེའི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་གྲུབ་པ་དང་། གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད། ཐེངས་འདིའི་འགོ་གཙོའི་གྲོས་ཚོགས་རབ་དང་རིམ་པའི་ནང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་འཁྲིད་མི་སྣའི་གྲོས་ཚོགས་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་བཅུ་སྣོན་གཅིག་གི་གྲོས་ཚོགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོ་དང་ལྗར་ཕན། ལྷོ་ཁོ་རི་ཡ་བཅས་ཀྱི་འགོ་ཁྲིད་མི་སྣའི་བཅུ་སྣོན་གསུམ་གྱི་གྲོས་ཚོགས། ཨེ་ཤ་ཡ་ཤར་མའི་བཅུ་སྣོན་བརྒྱད་ཀྱི་འགོ་གཙོའི་གྲོས་ཚོགས་སོགས་ཚུད་ཡོད་པ་དང་། གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི། མཐུན་སྒྲིལ་གཅིག་གྱུར་གྱིས་ཞི་བདེ་དར་རྒྱས་ཀྱི་ཐུན་མོང་མ་ལག་ཕྱོགས་སུ་བསྐྱོད་ཅེས་པ་དེ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག