མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་དོན་འཁྱོལ་བྱེད་རྒྱུའི་ཐད་འབད་བརྩོན་བྱེད་རྒྱུ་སྐྱར་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་སྤྱི་ཚེས13ཉིན་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ནས་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་མུ་མཐུད་ཁྱོན་ཡོངས་དང་ནུས་ལྡན་སྒོ་ནས་དོན་འཁྱོལ་བྱས་ནས་གྲོས་མོལ་གཅིག་གྱུར་གྱི་རྨང་གཞིའི་ཐོག་ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི་འཇོག་ཐུབ་རྒྱུར་བརྩོན་ལེན་བྱེད་རྒྱུའི་སྐྱར་བཤད་བྱས་ཡོད་པ་རེད།

གསལ་བསྒྲགས་ནང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། རྒྱ་མཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་བསྐྱར་བཤད་བྱས་པ་དང་དུས་མཚུངས་སུ་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་དང2012ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐོག་སྤེལ་བའི་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་ལ་མིང་རྟགས་བཀོད་ནས་ལོ་ངོ་༡༠འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་གསལ་བསྒྲགས། དེ་བཞིན་སྤྱི་ལོ2011ལོར་གྲོས་འཆམ་བྱུང་བའི་ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་གྱི་མཛུབ་ཁྲིད་བྱེད་ཕྱོགས་དོན་འཁྱོལ་བྱེད་པའི་གལ་ཆེའི་རང་བཞིན་བཅས་ནན་བཤད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག