མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་རྡུལ་ཉིང་གནད་དོན་གྱི་རེས་འཁོར་གསར་པའི་གྲོས་མོལ་མ་སི་ཁེ་ཐེར་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས11ཉིན་མཚན་མོ་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེར་དབྱི་རན་རྡུལ་ཉིང་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་རན་གྱི་འཐུས་མིས་གཉེར་བའི་དབྱི་རན་རྡུལ་ཉིང་གནད་དོན་སྐོར་གྱི་རེས་འཁོར་གསར་པའི་གྲོས་མོལ་ཚོགས་མཇུག་སྒྲིལ་བ་རེད།

གྲོས་མོལ་མཇུག་སྒྲིལ་རྗེས་གཉེར་བའི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཨ་མན་གྱི་ཕྱི་འབྲེལ་བྱ་དོན་གྱི་འགན་ཁུར་བློན་ཆེན་ཨ་ལ་ཝེས། ཕྱོགས་འགལ་མང་པོ་ཐག་གཅོད་བྱེད་དཀའ་བའི་རྐྱེན་གྱིས་དབྱི་རན་རྡུལ་ཉིང་གནད་དོན་སྐོར་གྱི་དབྱེ་འབྱེད་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཁག་པོ་ཡོད། འོན་ཀྱང་དབྱེ་འབྱེད་གྲོས་མོལ་ནང་ཞུགས་མཁན་ཕྱོགས་ཁག་གིས་འདི་ཟླའི་ཚེས24ཉིན་ཡི་མཐའ་མཇུག་དུས་བཀག་གོང་དབྱི་རན་རྡུལ་ཉིང་གནད་དོན་སྐོར་གྱི་ཁྱོན་ཡོངས་གྲོས་ཆོད་འཇོག་ཐུབ་རྒྱུའི་བསམ་འདུན་དྲག་པོ་ཡོད་ཅེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག