མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕོ་ཧེ་རུ་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་ཞི་སྲུང་དཔུང་སྡེའི་འགན་ཡུན་ནར་འགྱང་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཚེས11ཉིན་གྲོས་ཆོད་ཞིག་ལ་གྲོས་འཆམ་བྱས་པ་བརྒྱུད། པོ་སི་ཉི་ཡ་དང་ཧེ་སེ་ཀེ་ཝེ་ནར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་ཞི་སྲུང་དཔུང་སྡེའི་འགན་ཡུན་ཟླ་བ12ནར་འགྱང་གཏོང་རྒྱུའི་ཐག་བཅད་པ་དང་། དཔུང་སྡེ་དེས་ཞི་སྲུང་གི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས་ཏེ་ཏུན་ཞི་བདེའི་གྲོས་ཆོད་ཅེས་པ་ལག་བསྟར་ཐུབ་རྒྱུ་འགན་སྲུང་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་གར་མོས་མཐུན་ཡོད་པའི་འཕེན་ཤོག14དང་། དབང་ཆ་འདོར་བའི་འཕེན་ཤོག་གཅིག་བཅས་ཀྱི་མཇུག་འབྲས་ཐོག་ནས་གྲོས་ཆོད་དེར་གྲོས་འཆམ་བྱུང་ཡོད། ཨུ་རུ་སུས་གྲོས་ཆོད་ཀྱི་ནང་དོན་འགའ་ཤས་ཐད་བསམ་འཆར་ཡོད་པའི་རྐྱེན་གྱིས་དབང་ཆ་འདོར་བའི་འཕེན་ཤོག་དབྱུག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག