མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པ་སིས་ཧ་མ་སིས་ཕ་ལི་སི་ཐན་ནང་ཁུལ་གྱི་ཞི་འདུམ་འཕེལ་རིམ་ལ་འགོག་རྐྱེན་བཟོས་པར་ཁ་རྡུང་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སིས་སྤྱི་ཚེས11ཉིན་ལ་མུ་ཨན་ལར། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་ནང་ཁུལ་ཞི་བའི་བར་འདུམ་བྱེད་འདོད་མེད་པས། དེས་ཀ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ལས་དོན་ལ་ཤུགས་རྐྱེན་ངན་པོ་ཐེབས་སྲིད་ཅེས་བསྟན་ཡོད་པ་རེད།

ཉིན་དེ་གར། ཕ་ལི་སི་ཐན་མི་རིགས་དབང་ཆའི་ལས་ཁུངས་ཀྱིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལ་མུ་ཨན་ལར་གནས་པའི་ཙུང་ཐུང་ལས་ཤག་ཏུ་དྲན་གསོའི་བྱེད་སྒོ་སྤེལ་ནས། འགོ་ཁྲིད་མི་སྣ་ཟུར་པ་ཨ་ལི་ཧྥ་ཐེ་སྐུ་གཤེགས་ནས་ལོ10འཁོར་བར་དྲན་གསོ་ཞུས་ཡོད། ཨ་པ་སིས་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་ཧ་མ་སིས་ཕ་ལི་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐ་ཧེའི་དཔོན་རིགས་ལ་དམིགས་ཏེ་སྤེལ་བའི་འཇིགས་སྐུལ་བྱེད་སྒོར་ཁ་རྡུང་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག