མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུ་ཅིན་གྱིས་ཨུ་རུ་ས་དང་ཀྲུང་གོའི་རྩིས་གཞིའི་དངུལ་ལོར་བསྡོམས་རྩིས་ལ་མདུན་ལྗོངས་བཟང་པོ་ལྡན་ཡོད་ཅེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས10ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་པེ་ཅིང་དུ། ཀྲུང་གོ་ནི་ཨུ་རུ་སུའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དམིགས་བསལ་མཉམ་ལས་རོགས་པ་ཡིན་པས། ཨུ་རུ་སུས་ཀྲུང་གོ་དང་ཉོ་ཚོང་བསྡོམས་བརྩིས་བྱེད་པའི་ནང་རྩིས་གཞིའི་དངུལ་ལོར་བེད་སྤྱོད་མང་ཙམ་བཏང་ནས་བསྡོམས་རྩིས་བྱེད་འདོད་ཡོད་ཅེས་གསུངས་པ་དང་། ཁོང་གིས་སྤྱི་ལོ2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཐོག་གཏམ་བཤད་གནང་སྐབས། མིག་སྔར་རྒྱལ་ཁབ་གཉིས་པོས་རུ་པེ་དང་མི་དམངས་ཤོག་སྒོར་བར་ཐད་ཀའི་བརྗེ་རེས་འགའ་ཤས་བྱེད་བཞིན་ཡོད་ཅེས་་གསུངས་ཡོད་པ་རེད།

 ཨུ་རུ་སུའི་རང་བྱུང་རླངས་བཟོ་ལས་མ་རྐང་ཀུང་སིས་མི་རིང་གོང་ཀྲུང་གོའི་ཕྱོགས་དང་ཚོད་ལྟའི་རང་བཞིན་གྱི་རུ་པེས་བསྡོམས་རྩིས་བྱེད་ཐབས་ཐེངས་དང་པོ་ལེགས་གྲུབ་བྱུང་ཡོད་ཅིང་། ཕུ་ཅིང་གིས་འབྱུང་འགྱུར་ཨུ་རུ་སུས་ནུས་པའི་འབྱུང་ཁུངས་དང་དེ་མིན་ཉོ་ཚོང་ནང་རྩིས་གཞིའི་དངུལ་ལོར་བེད་སྤྱོད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་དང་། ཁོང་གིས་རུ་པེར་རང་ཉིད་ཀྱི་བཟང་ཆ་ལྡན་ཡོད་ལ། ཨུ་རུ་སུས་མ་རྩ་འཁོར་རྒྱུག་ལ་ཚོད་འཛིན་ཀྱང་བྱེད་མི་སྲིད། ཨུ་རུ་སུའི་ཀྲུང་དབྱང་དངུལ་ཁང་ནས་བྱ་ཐབས་བཟུང་ནས་སྐབས་འཚོལ་བྱེད་སྒོ་ཉུང་དུ་གཏོང་བཞིན་ཡོད། ཡུན་རིང་ནས་བལྟས་ན། མི་དམངས་ཤོག་སྒོར་དང་རུ་པེས་བསྡོམས་རྩིས་རྒྱག་རྒྱུར་མདུན་ལྗོངས་བཟང་པོ་ལྡན་ཡོད་ཅེས་གསུངས་འདུག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག