མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡའི་དམིགས་བསལ་དམག་དཔུང་ཐོག་མར་དབྱི་རག་ལ་ཐལ་སྤྱོད་རྩ་འཛུགས་འགོག་རྒོལ་བྱེད་པར་བསྐྱོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབུས་ཤར་ས་ཁུལ་ལ་ཐོན་ནས་ཟླ་གཅིག་ལྷག་འགོར་རྗེས། ཨོ་སི་ཁྲུ་ལི་ཡའི་དམིགས་བསལ་དམག་དཔུང་དབྱི་རག་ཏུ་བསྐྱོད་ཐུབ་པར་གྱུར་ཟེར།

ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་ཡིས་བཤད་རྒྱུར། མཚོན་ཆ་སྤྲས་པའི་དམག་མི་ཉིས་བརྒྱས་དབྱི་རག་གི་དམག་དཔུང་ལ་རོགས་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣར་འགོག་རྒོལ་བྱེད་རྒྱུ་ཡིན་ཟེར།

ཨོ་སི་ཁྲི་ལི་ཡའི་དམིགས་བསལ་དམག་དཔུང་ནི་ཟླ་དགུ་བར་དབུས་ཤར་གྱི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ཐོན་མོད། ཡིན་ནའང་བཅའ་ཁྲིམས་དང་སྲིད་འཛིན་གྱི་འགྲོ་ལུགས་སྒྲུབ་པར་འགོར་འགྱངས་བྱས་པས། ཨོ་སི་ཁྲི་ལི་ཡའི་དམག་མི་རྣམས་ཀྱིས་ས་དེའི་དབང་འཛིན་ལས་ཁུངས་ཀྱིས་ཁོ་ཚོ་དབྱི་རག་ཏུ་འགྲོ་བར་ཆོག་མཆན་འགོད་པར་སྒུག་ནས་བསྡད།

ཨོ་སི་ཁྲུ་ལི་ཡའི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ཟླ་བཅུ་བའི་ཚུན་ལ་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པའི་འགུལ་སྐྱོད་ལ་ཞུགས།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་མིག་སྔར་དབྱི་རག་དང་སི་རི་ཡའི་མངའ་ཁོངས་མང་བོ་བདག་ཏུ་བཟུང་ཡོད་པ་མ་ཟད། ཟླ་དྲུག་པའི་ནང་དཔུང་འཇུག་ཆེན་པོ་བྱས།

ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པོ་ཐི་ཡིས་བཤད་རྒྱུར། ཨོ་སི་ཁྲི་ལི་ཡའི་དམིགས་བསལ་དམག་དཔུང་སྔོན་ལ་པ་ཀི་ཏ་ནས་འདུག་རྒྱུ་ཡིན་ལ། དེའི་རྗེས་སུ་དམག་དོན་རྟེན་གཞི་ལ་འགྲོ་རྒྱུ་ཡིན་ཟེར། ཁོས་གསར་འགོད་པར་བཤད་རྒྱུར། དམག་དཔུང་བཀོད་སྒྲིག་བྱེད་མགོ་བརྩམས་ཡོད་ལ། དམག་དཔུང་དེས་ལས་འགན་ལེགས་འགྲུབ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར། ཨོ་སི་ཁྲི་ལི་ཡའི་དམིགས་བསལ་དམག་དཔུང་གིས་དབྱི་རག་གི་དམག་དཔུང་གི་བློ་འདོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཨ་པོ་ཐི་ཡིས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཨོ་པ་མ་ཡིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་འགོག་རྒོལ་བྱེད་པར་ཞུགས་པའི་མནའ་འབྲེལ་དམག་དཔུང་གིས་དབྱི་རག་ནས་ལས་འགན་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག