མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཡང་བསྐྱར་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་ཏོན་པ་སི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་རླངས་འཁོར་རུ་ཁག་མངགས་རྩིས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་དྲ་ཚིགས་ཤིག་གི་སྟེང་ཚེས་བཅུ་གཅིག་ཉིན་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་མི་འགྱང་བར་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་རླངས་འཁོར་རུ་ཁག་མངགས་རྩིས་ཡོད་ཟེར།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་མི་འགྱང་བར་ཡང་བསྐྱར་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་དྲག་ཤུགས་ཀྱི་ཤན་ཤུགས་ཐེབས་པའི་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་རླངས་འཁོར་རུ་ཁག་མངགས་རྩིས་ཡོད་ཟེར།

མིག་སྔར་རླངས་འཁོར་རུ་ཁག་མངགས་པའི་དུས་ཚོད་ད་དུང་གསལ་བོར་མི་ཤེས་མོད། རླངས་འཁོར་ནང་དུ་དངོས་པོ་རྩིག་བཞིན་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན་རླངས་འཁོར་རུ་ཁག་དེ་ཚེས་བཅུ་གཉིས་ཉིན་ཝུའུ་ཁི་ལན་ལ་མངགས་སྲིད་ཟེར།

དེའི་སྔོན་གྱི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། ཨུ་རུ་སིས་ཏོན་ཉེ་ཚིས་ཁི་དང་ལུའུ་ཀན་སི་ཁི་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་རླངས་འཁོར་རུ་ཁག་མངགས་ཏེ། ས་དེའི་མང་ཚོགས་ལ་སྨན་རྫས་དང་འབར་རྫས་བསྐྱལ་མྱོང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག