མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མ་དང་ཕུའུ་ཅིན་གཉིས་ཀྱིས་ཐེངས་འགར་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་གླེང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉི་ཀས་བདེན་དཔང་བྱས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཐེངས་འགར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གླེང་ཟེར།

ཨུ་རུ་སིའི་གསར་འགྱུར་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་ཨོ་པ་མ་གཉིས་ཀྱིས་པེ་ཅིན་ནས་ཐེངས་འགར་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་དུས་ཚོད་ཧ་ཅང་ཐུང་ནའང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་། སི་རི་ཡ་དང་ཝུའུ་ཁི་ལན། དབྱི་ལང་སོགས་ཀྱི་གནད་དོན་གླེང་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། ཕུའུ་ཅིན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་མཐོ་རིམ་གྲོས་ཚོགས་ཀྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ཉུང་མཐར་ཡང་ཐེངས་གཉིས་ལ་ཙུང་ཐུང་ཨོ་པ་མར་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་དུས་ཚོད་ཐུང་ནའང་ཕྱོགས་གཉིས་ཀྱི་ཉིན་རིམ་སོགས་ཀྱི་གནད་དོན་གླེང་ཟེར།

ཁོས་ད་དུང་ཁ་གསབ་བྱེད་རྒྱུར། དེ་དང་མཉམ་དུ་ཕུའུ་ཅིན་གྱིས་ད་དུང་ཡེའོ་ནན་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་ཁ་བརྡ་ཐུང་ཐུང་བྱས་ཏེ་ཕྱོགས་གཉིས་ཀྱི་ཉིན་རིམ་སོགས་ཀྱི་གནད་དོན་གླེང་ཟེར།

ཕུའུ་ཅིན་དང་ཨོ་པ་མ་གཉིས་ཀྱིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འགོག་རྒོལ་བྱེད་པའི་གནད་དོན་གླེང་ཡོད་མེད་ཀྱི་སྐོར་ལ་ལན་འདེབས་སྐབས། དོན་དེའི་སྐོར་གླེང་ཡོད་མེད་གསལ་བོར་མ་ཤེས་ཞེས་བཤད།

གཞན་ཡང་ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཕོ་བྲང་དཀར་བོས་ཨོ་པ་མས་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་ཕུའུ་ཅིན་ལ་ཁ་བརྡ་ཐུང་ཐུང་ཐེངས་གསུམ་ལ་བྱས་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་སྦུར་ན་ཏེ་ཐེ་མཱེ་ཧན་གྱིས་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཁ་བརྡ་དེ་དབྱི་ལང་དང་། སི་རི་ཡ། ཝུའུ་ཁི་ལན་སོགས་ཀྱི་གྲོས་གཞི་ལ་འབྲེལ་བ་ཡོད། བསྡོམས་པས་སྐར་མ་བཅོ་ལྔ་ནས་ཉི་ཤུ་ཙམ་ལ་ཁ་བརྡ་བྱས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག