མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་སྲིད་གཞུང་དམག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་ལྔ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དང་དྲག་ཆས་རྩ་འཛུགས་བར་དུ་ནུབ་བྱང་ཕྱོགས་ནས་འཐབ་འཁྲུག་བྱུང་བ་དང་། སྲིད་གཞུང་དམག་ལ་ཐེངས་གཉིས་ལ་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས། འཐབ་འཁྲུག་ཁྲོད་ནས་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་དྲུག་ལ་རྨས་ཕོག དྲག་ཆས་མི་སྣ་བཅོ་ལྔ་སྲིད་གཞུང་དམག་གིས་བསད།

ཚེས་བཅུ་གཅིག་ཉིན། ཕ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་པཱ་ནུའུ་ནས་དམག་དཔུང་གི་རླངས་འཁོར་ཞིག་ལ་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཅིག་ལ་རྨས་ཕོག

དེས་མི་ཚད་པཱ་ཨོར་ཚོ་ཁག་ས་ཁུལ་ནས་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། ཚོ་ཁག་དེའི་བདེ་འཇགས་དམག་དཔུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག