མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་རླངས་འཁོར་རུ་ཁག་ལ་བར་སྣང་ནས་འཇབ་རྒོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གི་མགྲིན་ཚབ་པ་སྟེ་ཧྲང་ཞའོ་དམག་དཔོན་ལའེ་ཏི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་དབྱི་རག་གི་གྲོང་ཁྱེར་མཱོ་སུའུ་ཨར་ཉེ་འདབས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་ཅིག་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། རླངས་འཁོར་ཆེ་བ་བཅུ་ཙམ་ལ་འཇབ་རྒོལ་ཐེབས། ཡིན་ནའང་རྩ་འཛུགས་དེའི་ཆེས་མཐོའི་མགོ་ཁྲིད་པ་པ་ཀི་ཏ་ཏེ་ཟེར་བ་དེ་རླངས་འཁོར་རུ་ཁག་དེའི་ཁྲོད་དུ་ཡོད་མེད་གསལ་བོར་མི་ཤེས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧྲང་ཞའོ་དམག་དཔོན་ལའེ་ཏི་ཡིས་བཤད་རྒྱུར། རླངས་འཁོར་རུ་ཁག་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་རིམ་པའི་རླངས་འཁོར་རུ་ཁག་ཡིན་པར་ཨ་མེ་རི་ཁའི་དམག་ཕྱོགས་ཡིད་ཆེས་ཡོད་ལ། རླངས་འཁོར་རུ་ཁག་དེ་ནི་རླངས་འཁོར་བཅུ་ཡིས་གྲུབ་པ་རེད་ཟེར། ཡིན་ནའང་ཁོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱི་ཆེས་མཐོའི་བཀོད་འདོམས་དཔོན་པོ་པ་ཀི་ཏ་ཏེ་ཟེར་བ་དེ་སྐབས་དེར་རླངས་འཁོར་རུ་ཁག་དེའི་ཁྲོད་དུ་ཡོད་མེད་གསལ་བོར་མི་ཤེས་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག