མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱིས་སྦག་བཙོག་སེལ་བའི་དཔའ་རྒོད་༢༥ཞེས་པའི་བྱ་དགའ་དཔྱད་འདེམས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-09 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་སློབ་གསོ་ཚན་ཞིབ་པུའུ་ཡིས་སྤྱི་ཚེས7ཉིན་སྤྱི་ལོ2014ལོར་སྦག་བཙོག་སེལ་བའི་དཔའ་རྒོད་༢༥ཞེས་པའི་བྱ་དགའ་དཔྱད་འདེམས་བྱས་པའི་ནང་ཀྲུང་གོའི་གཞོན་ནུ་རིག་གནས་པ3ཚུད་ཡོད་པ་རེད། སྦག་བཙོག་སེལ་བའི་དཔའ་རྒོད་ཀྱི་བྱ་དགའ་ཞེས་པ་དེ་ནི་འཇར་མན་གྱི་སློབ་གསོ་ཚན་ཞིབ་པུའུ་ཡིས་སྤྱི་ལོ2009ལོ་ནས་བཟུང་འདེམས་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་རྒྱུན་མཐུད་གོང་འཕེལ་གྱི་ཁྱབ་ཁོངས་ནང་བྱས་རྗེས་ཆེ་བའི་ཕུལ་བྱུང་གི་གཞོན་ནུ་ཚན་རིག་མཁས་ཅན་ཤ་སྟག་ཡིན་པ་རེད། ཀྲུང་གོ་ནས་ཡིན་པའི་སྦག་བཙོག་སེལ་བའི་དཔའ་རྒོད་དེ་དག་ནི་ཁག་སོ་སོར་ཐུང་ཅིས་སློབ་གྲྭ་ཆེན་མོའི་ལས་རོགས་དགེ་རྒན་ཆེན་མོ་བ་ཝེ་ལི་དང་ཏེ་མག་གི་ཨོར་པོའོ་སློབ་གྲྭ་ཆེན་མོའི་ལས་རོགས་དགེ་རྒན་ཆེ་མོ་བ་ཝང་ཧྭའི། སིང་ཀ་ཕོར་ལྷོ་རྒྱ་མཚོའི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་རྗེས་མཐུད་ཞིབ་འཇུག་པ་ལིའུ་ཅིང་བཅས་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག